e-texts navigator
Collection
Volume
Page
Wylie

20b1 ལྟ་བ་བཞིན་གྱི་སེ་ནུས་ཅན་ཞེས་བྱའོ།། ཡང་དག་པ་ལ་ཡང་དག་པ་ཞེས་མངོན་པར་མི་ཞེན་པས། དེའི་ཕྱིར་ཡང་དག་པའི་ལྟ་བ་བཞིན་གྱི་སེམས་ཅན་ཞེས་བྱ་སྟེ། ཇི་གང་དུ་འརྗོད
20b2 བ་བཞིན་དུ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཡང་དག་པ་མ་ཡིན་པ་ལ་སེམས་ཅན་ནམ། སེམས་ཅན་ཆེན་པོ་ཞེས་བྱ་བ་གང་ཡང་མེད་པའི་ཕྱིར་རོ།། གང་གིས་རྡེག་པ་ཆེན་རྗེ
20b3 ཁོང་དུ་ཆུད་པ་དེ་སེམས་ཅན་ཆེན་པོ་ཞེས་བྱའོ།། ཐེག་པ་ཆེན་པོ་གང་ཞེ་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཐེག་པ་ཆེན་པོའོ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་པ
20b4 ཞེན་གང་ཅིའང་རུང་སྟེ། འདུས་བྱས་ཤེས་པ་དང་། འདུས་མ་བྱས་ཤེས་པ་དང་། འཇོག་རྟེན་ཤེས་པ་དང་། འཇིག་རྟེན་ལས་འདས་པ་ཤེས་པ་དེས་སེམས་ཅན་ཆེན་པོ་ཞེས
20b5 དྷའོ། དེ་ཅིའི་ཕྱིར་ཞེན་སེམས་ཅན་དུ་འདུ་ཤེས་པ་ཆེན་པོ་མེད་པས་དེའི་བྷ་སེམས་ཅན་ཆེན་པོ་ཞེས་བྱའོ།། དེ་ལམ་རིག་པའི་ཕུང་པོ་ཆེན་པོ་མེད་པས། དེའི་ཕྱིར།
20b6 སེམས་ཅན་ཆེན་པོ་ཞེས་བྱའོ།། དེ་ལ་འདུ་བྱེད་ཀྱི་ཕུང་པོ་ཆེན་པོ་མེད་པསདེའི་ཕྱིར་སེམས་ཅན་ཆེན་པོ་ཞེས་བྱའོ།། དེ་ལ་ཕྱི་ཤེས་པའི་ཕུང་པོ་ཆེན་པོ་མེད་པས
20b7 དེའི་ཕྱིར་སེམས་ཅན་ཆེན་པོ་ཞེས་བྱའོ།། དེ་ལ་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་མེད་པས། དེའི་ཕྱིར་སེམས་ཅན་ཆེན་པོ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོད




iiif viewer powered by OpenSeadragon

20a - 21a

Texts on this page

Ty110-001 - 'phags pa rab kyi rtsal gyis rnam par gnon pas zhus pa shes rab kyi pha rol tu phyin pa bstan pa