| | e-texts navigator
|
137a1 ལྟ་བུར་དེ་འདྲ་བའི་བཀོད་པ་བྱས་ནས་ལོངས་སྤྱོད་ཀྱི་ཕྱིར་ཡང་ཉེ་བར་འགྲོའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་དུ་ཆོས་ཀྱི་རྣམ་གྲངས་འདི་ནི
137a2 འདི་ལྟ་སྟེ། མིའི་དབང་པོ་མི་ཅང་ཤེས་རྣམས་ཀྱིས་ཀླག་པ་དང་། བཤེད་པ་དང་། རབ་ཏུ་བསྟན་པའི་ཉེ་བར་སྤྱོད་པ་དང་། ལོངས་སྤྱོད་དུ་འགྱུར་ཏེ། ཆོས་ཀྱི
137a3 རྣམ་གྲངས་འདི་ནི་དེ་དག་གི་བཀོད་པ་ཆེན་པོ་དང་། རྒྱས་པ་ཆེན་པོ་དང་། ཆོས་ཀྱི་སྣང་བ་ཆེན་པོ་བྱེད་པར་འགྱུར། དེ་དག་ཆོས་ཀྱི་རྣམ་གྲངས་འདི་ལ་ཆོས་ཀྱི་དགའ་བ་ཆེན་པོ
137a4 མྱོང་བར་འགྱུར་རོ།། གང་ཆོས་ཀྱི་རྣམ་གྲངས་འདི་ལས་ཚུལ་གཅིག་ཙམ་འཛིན་པ་དེ་དག་ཀྱང་མཆོག་ཏུ་དགྲའ་བ་དང་ལྡན་པར་འགྱུར་ན།། གང་ཐམས་ཅད་རྫོགས་པར་བྲིས་པ་དང་།
137a5 འཛིན་པ་དང་། འཆང་བ་དང་། མཆོད་པ་དང་། རྒྱས་པར་བྱེད་པ་ལྟ་ཅི་སྨོས། ཆོས་ཀྱི་རྣམ་གྲང་སེ་འདིས་མིའི་དབང་པོ་དང་། མི་ཅང་ཤེས་དེ་དྲུག་གཟུང་བར
137a6 འགྱུར་རོ།། འདི་ཅང་ཤེས་པ་མ་ཡིན་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་། འདི་ནི་ཐེ་ཙོམ་ཐམས་ཅད་གཅོད་པའི་ཕྱིར་ངས་དེ
137a7 ངག་སྨྲས་སོ།། ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་དུ་མ་དཔག་ཏུ་མེད་པ་དག་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ།། སེམས་ཅན
iiif viewer powered by OpenSeadragon
136b - 137b