e-texts navigator
Collection
Volume
Page
Wylie

136a1 ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་གཤེགས་པས་ཆོས་ཀྱི་རྣམ་གྲངས་འདི་ལ་བདུད་སྡིག་ཅར་རྣམས་ཀྱི་མཚམས་བཅད་དོ།། རབ་ཀྱི་རྩལ་གྱིས་རྣམ
136a2 པར་གནོན་པ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་འཆང་བ་དང་། ཀློག་པ་དང་། གཞན་དག་ལའང་རྒྱ་ཆེར་ཡང་དག་པར
136a3 རབ་ཏུ་བསྟན་པ་དེ་དག་ནི་བདུད་སྡིག་ཅན་རྣམས་ཀྱི་སྤྱོད་ཡུལ་དུ་མི་འགྱུར་ཏེ། རིགས་ཀྱི་བུ་འམ་རིག་ཀྱི་བུ་མོ་དེ་དག་ནི་བདུད་སྡིག་ཅན་རྣམས་ཀྱིས་མི་ཚུགས་པར་འགྱུར
136a4 རོ།། གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དེ་དག་ནི། བདུད་དང
136a5 ཕྱིར་རྒོལ་བ་ཆོམས་པར་འགྱུར། གཡུལ་ལས་རྒྱལ་བར་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཀྱི་རྣམ་གྲངས་འདི་ནི་ཀུན་ནས་ཉོན་མོངས་པ་ཙན་ད
136a6 བདུད་ཀྱི་ཞགས་པས་བཅིངས་པའི་སེམས་ཅན་རྣམས་ཀྱི་ལག་ཏུ་འགྲོ་བར་མི་འགྱུར་ཏེ། རབ་ཀྱི་རྩལ་གྱིས་རྣམ་པར་གནོད་པ། འདི་ནི་ཅིང་ཤེས་པ་རྣམས་ཀྱི་ས་ཡིན་གྱི
136a7 ཅང་མི་ཤེས་པ་རྣམས་ཀྱིས་ནི་མ་ཡིན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། དཔེར་ན་གླང་པོ་ཆེ་ཅང་ཤེས་དང་རྟ་ཅང་ཤེས་གང་ཡིན་པ་དེ་དག་ནི།




iiif viewer powered by OpenSeadragon

135b - 136b

Texts on this page

Ty110-001 - 'phags pa rab kyi rtsal gyis rnam par gnon pas zhus pa shes rab kyi pha rol tu phyin pa bstan pa