| | e-texts navigator
|
116a1 བའི་རྣམ་པར་དག་པ་དང་འདུ་བ་ལ་མི་སྤྱོད། གཟུགས་ཀྱི་དམིགས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རྣམ་པར་དག་པ་དང་འབྲལ་བ
116a2 ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དམིགས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང
116a3 བ་རྣམ་པར་དག་པ་དང་འདུ་བ་ལ་མི་སྤྱོད། ཚེར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དམིགས་པ་འདས་པ་དང་། མ་འོངས་པ
116a4 དང་ད་ལྟར་བྱུང་བའི་རྣམ་པར་དག་པ་དང་འ་བྲལ་བ་ལ་མི་སྤྱོད། དེ་ལྟར་སྤྱོད་པ་ནི་གཟུགས་དང་འདུ་བར་ཡང་མི་བྱེད། འབྲལ་བར་ཡང་མི་བྱེད། ཚོར་བ་དང་།
116a5 འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་འདྲ་བར་ཡང་མོ་བྱེད། འབྲལ་བར་ཡང་མི་བྱེད། མིང་དང་གཟུགས་དང་འདུ་བར་ཡང་མི་བྱེད
116a6 འབྲལ་བར་ཡང་མི་བྱེད། ཕྱིན་ཅི་ལོག་དང་། ལྟ་བར་གྱུར་པ་དང་འདུ་བར་ཡང་མི་བྱེད། འབྲལ་བར་ཡང་མི་བྱེད། འདོད་པ་དང་། གཟུགས་དང་། གཟུགས
116a7 མེད་པའི་ཁམས་དང་འདུ་བར་ཡང་མི་བྱེད། འབྲལ་བར་ཡང་མི་བྱེད། འདོད་འཆགས་དང་། ཞེ་སྡང་དང་། གཏི་མུག་དང་འདུ་བར་ཡང་མི་བྱེད།། འབྲལ་བར་ཡང
iiif viewer powered by OpenSeadragon
115b - 116b