e-texts navigator
Collection
Volume
Page
Wylie

113a1 དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་པར་ཐོག་མ་ཉིད་དུ་དགེ་བའི་རྩ་བའི་ཚོགས་མང་པོ་ཡང་དག་པར་བསྒྲུབས་པར་འགྱུར། སངས་རྒྱས
113a2 མང་པོ་ལ་བསྙེར་བཀུར་བྱས་པར་འགྱུར། སངས་རྒྱས་མང་པོ་ལ་ཀུན་འདྲི་བར་འགྱུར། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བྱ་བ་བྱིས་པར་འགྱུར། ལྷག་པའི་བསམ
113a3 པ་ཕུན་སུམ་ཚོགས་པར་འགྱུར། སྦྱིན་པ་འགྱེད་པ་ལ་དགའ་བར་འགྱུར། ཚུལ་ཁྲིམས་རྣམ་པར་དག་པ་ལེ་ལྷུར་ལེན་པར་འགྱུར། བཟོད་པ་དང་ངེས་པ་ཕུན་སུམ
113a4 ཚོགས་པར་འགྱུར་བརྩོན་འགྲུས་དང་ལྡན་པར་འགྱུར། བསམ་ག་ཏ་ནཱ་རྣམ་པར་དག་པ་ལྷུར་ལེན་པར་འགྱུར། ཤེས་རབ་དང་ལྡན་པར་འགྱུར། ཤེས་རབ་རྣམ
113a5 བར་དག་པ་ལྷུར་ལེན་པར་འགྱུརདེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཏེ། ཤེས་རབ
113a6 ཀྱི་སྟོབས་ཡེ་ཤེས་ཀྱི་སྟོབ་སྐུ་དེསྭཱ་ཅི་ནས་ཀྱང་བདག་ལ་བདུད་སྡིག་ཙནྡ་གྱིས་རྨུགས་རྙེད་པར་མ་གྱུར་ཅིག། བདགྲ་ལ་གཙེ་བར་མོ་གྱུརྱ་ཅིག། ཅེས་བདུད་སྡིག་ཅན
113a7 རྣམས་ལ་བྱིན་གྱིས་རློང་བོ།། རིས་བྱིན་གྱིས་བརླབས་པས། བདུད་ཀྱིས་གླེགས་མི་རྙེད་ཀྱང་དེ་ལ་བར་ཆད་བྱ་བའི་ཕྱིར་ཉེ་བར་གནས་པར་མི་འགྱུར་ཏེ། བྱང་ཆུབ་སེམ




iiif viewer powered by OpenSeadragon

112b - 113b

Texts on this page

Ty110-001 - 'phags pa rab kyi rtsal gyis rnam par gnon pas zhus pa shes rab kyi pha rol tu phyin pa bstan pa