e-texts navigator
Collection
Volume
Page
Wylie

111a1 གཞན་གཟུགས་མེད་བཱ་ན་གནས་ཤིང་གནས་དང་འབྲེལ་བ་གནས་ལ་ཆགས་པ་དེ་དག་ཀྱང་བདུད་ཀྱི་ཞགས་པ་ལས་ཡོངས་སུ་མ་གྲོལ་ཞིང་བདུད་རྩི
111a2 ཞགས་པས་མཚམས་བཅད་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན
111a3 པ་ལ་སྤྱོམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བར་བྱེད་པ་ན། གོང་ལའང་གནས་པར་མི་བྱེད་དེ། ཐམས་ཅད་དུའང་མི་གནས་པར་འགྱུར་རོ།། ར
111a4 རྩལ་གྱིས་རྣམ་པར་གནོན་པ། གང་གི་ཚེ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་དང་ལྡན་པར་གནས་པ་དེའི་ཚེ་གཟུགས་ལ་གནས་པར་མི་འགྱུར།
111a5 ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་གནས་པར་མི་འགྱུར། ཕྱིན་ཅི་ལོག་དང་སྒྲིབ་པ་དང་། ལྟ་བར་གྱུར་པ་ལ
111a6 གནས་པར་མི་འགྱུརམིང་དང་གཟུགས་ལ་གནས་པར་མི་འགྱུར། འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་ལ་གནས་པར་མི་འགྱུར
111a7 བདག་དང་སེམས་ཅན་དུ་འདུ་ཤེས་པ་ལ་གནས་པར་མི་འགྱུར། སྲོག་དང་། གང་ཟག་དང་། ཁམས་དང་། སྐྱེ་མཆེད་ལ་གནས་པར་མི་འགྱུར། ས་དང་།




iiif viewer powered by OpenSeadragon

110b - 111b

Texts on this page

Ty110-001 - 'phags pa rab kyi rtsal gyis rnam par gnon pas zhus pa shes rab kyi pha rol tu phyin pa bstan pa