| | e-texts navigator
|
108a1 གི་སྤོབས་པ་གཅོད་ཅིང་བདུད་ཀྱི་ཞགས་པ་ཐམས་ཅད་གཅོད་དེ། བདུད་འཁོར་དང་བཅས་པ་ཐམས་ཅད་ཐལ་བར་རློག་གོ།། བདུད་ཀྱི་རིགས་བདུད་བྱེ་བ་ཐམས
108a2 ཅད་ཀྱིས་ཀྱང་ཐུལ་བར་མི་འགྱུར་གྱི། ངེས་བདུད་རྣམས་འཇིགས་སྐྲག་ནས་འབྲོས་པར་འགྱུར་རོ།། བདུད་སྡིག་ཅན་འདི་སྙམ་དུ་དེ་ནི་བདག་གི་ཡུལ་ལས་རབ་ཏུ་འདས
108a3 ནི་ཕྱིར་བདག་གི་ཡུལ་མི་སྤྱོད། དེའི་ཕྱིར་བདག་གི་ཡུལ་ལ་མི་གནས་དེའི་ཕྱིར་བདག་གི་ཡུལ་ལ་འདུག་པར་མི་འགྱུར། སེམས་ཅན་གཞན་ཡང་བདག་གི་ཡུལ་ལས་གྲོལ་བར
108a4 བྱེད། སྒྲོལ་བར་བྱེད་དོ་སྙམ་དུ་སེམས་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་དེས་ཕྱོགས་ཉུང་ངུར་བྱེད་དོ་སྙམ་ནས་མྱ་ངན་བྱེད་དེ་ངུ་ཞིང་སྨྲེ་སྔགས་འདོན་ཏོ།། དེ་ཉམས་དམས་ལ
108a5 སྡུག་བསྔལ་ཞིང་ཡིད་མི་བདེ་སྟེ། ཡིད་ལ་གཅུགས་པར་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གང་གི་ཚེ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད།
108a6 ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བར་བྱེད་པ་དེའི་ཚེབདུད་ཀྱི་གནས་ཐམས་ཅད་གཟི་རླུང་ཞིང་མོག་རོག་པོར་འགྱུར་རོ།། བདུད་སྡིག
108a7 ཅན་ཡང་འདི་སྙམ་དུ། འདིས་བདག་གི་ཡུལ་ནས་སེམས་ཅན་རྣམས་སྐྱབས་པར་འགྱུར། འདིས་བདག་གི་ཡུལ་ནས་སེམས་ཅན་སྒྲོལ་བར་འགྱུར། འདིས་བདག་གི་ཡུལ་ནས
iiif viewer powered by OpenSeadragon
107b - 108b