| | e-texts navigator
|
91a1 རིས་ཀྱི་ལྷ་དེ་དག་ཀྱང་སྐད་ཅིག་དེ་ལ་ཉམ་ཐག་པའི་སླར་ངུ་ཞིང་སྐྲག་ནས་བྱེར་རོ།། བདུད་སྡིག་ཅན་ཡང་བཞིན་བཟང་པོ་རྙིརཱི་བོར་གྱུར་ཅིང་ལུས་རྡུལ་ནས་བདུད་ཀྱི་རིས
91a2 ཀྱི་ལྷའི་བུ་ཐམས་ཅད་ལ་སྨྲས་པ། གྲོགས་པོ་དག་བདུད་ཀྱི་ཁྱིམ་ཐམས་ཅད་ཀུན་ཏུ་འབ་ར། རབ་ཏུ་འབར། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ་མེ་ལྡེ་གཅིག་ཏུ་གྱུར་པ་དང་། དགེ་སྦྱོང་གོའུ་ཏ་མ
91a3 རི་རབ་ཀྱི་རྩེ་མོའི་ཁང་པ་བརྩེགས་པ་ན་ཆོས་བསྟན་པ་འདི་ལ་ལྟོས། དེས་བདག་ཅག་ཕུང་ངོ་།། མཐོ་བ་ཙམས་སོ།། ཕྱོགས་གང་ན་གནས་སུ་གཏོལ་མེད་དོ།། ལོངས་ལ་དགེ་སྦྱོང་གོའུ་ཏ་མ་དེའི
91a4 གན་དུ་དོང་སྟེ་བདུད་ཀྱི་ཡུལ་འདི་ཐལ་བར་བྱས་པར་མ་གྱུར་ཀྱི་བར་དུ་གཞོམ་མོ།། དེ་སྐད་ཅེས་སྨྲས་པ་དང་། བདུད་ཀྱི་རིས་ཀྱི་ལྷའི་བུ་དེ་དག་ཐམས་ཅད་ཀྱིས་ཇེ་བཀའ་བཞིན་འཚལ་ཞེས་སྨྲས
91a5 ནས་རྔརང་རང་གི་གནས་སུ་དོང་སྟེ། ལག་ན་མཚོན་ཆ་སྣ་ཚོགས་ཅན། ལུས་ལ་གོ་ཆ་སྣ་ཚོགས་པ། ཆ་བྱད་དང་རྒྱན་སྣ་ཚོགས་ཅན། མཆེ་བ་མི་བཟད་པར་འཇིགས་སུ་རུང་བ་བཞིན་མི་སྡུག
91a6 པར་བསྒྱུར་བ། མིག་དང་། བཞིན་དང་། སྐྲ་ཀུན་ཏུ་འབར་ཞིང་རབ་ཏུ་འོ་བར་བདག་སྐད་ཅིག་དེ་ཉིད་ལ་གཅིག་ཏུ་འདུས་ནས། བདུད་སྡིག་ཅན་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བདུད་སྡིག་ཅན་ལ་འདི
91a7 སྐད་ཅེས་སྨྲས་སོ།། བཞེངས་བཞེངས་ཐོག་མར་བཞུད་ལ་ཇི་ཙམ་དུ་དགེ་སྦྱོང་གེའུ་ཏ་མ་ཉན་ཐོས་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་དང་བཅས་པ་དེ་ཅི་ནས་ཀྱང་ཕྱིས་བདག་ཅག་གི་ཡུལ་དུ་གནོད་པ
iiif viewer powered by OpenSeadragon
90b - 91b