e-texts navigator
Collection
Volume
Page
Wylie

90a1 བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚོག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུད། རབ་ཡང་དག་པར་སྟོན་ཏོ།། དེ་ནུས།
90a2 བཅོམ་ལྡན་འདས་ཀྱི་སྤྱི་གཙུག་གི་མཚམས་ཀྱི་མཛོད་སྤུ་ནས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀུན་ཏུ་སྟོན་པ་ཞེས་བྱ་བའི་འོད་ཟེར་གྱི་དྲ་བ་ཆེན་པོ་བྱུང་སྟེ། འོད་ཟེར་གྱི་དྲ་བ་དེས་སྟོང་གསུམ་གྱི་སྟོང
90a3 ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བས་གསལ་བར་བྱས་པར་གྱུར་ཏོ།། གངྒཱའི་ཀླུང་གི་བྱེ་མ་ཇི་སྙེད་པ་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་ཀྱང་སྣང་བ་དེས་གསལ་བར་སྣང
90a4 བར་གྱུར་ཏོ།། སངས་རྒྱས་ཀྱི་ཞིང་དེ་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་པ་དེ་དག་ཀྱང་སེང་གེའི་ཁྲི་དུ་མ་བཀོད་པའི་ཁང་པ་བརྩེགས་པའི་གཞལ་མེད་ཁང་རྣམས་ན་ཆོས་སྟོན
90a5 ཉན་ཐོས་ཆེན་པོ་དེ་དག་དང་། བྱང་ཆུབ་སེམས་དཔའ་སེམ་དཔའ་ཆེན་པོ་དག་དང་ཐབས་ཅིག་གོ། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང
90a6 ཏྲི་བ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་ཡང་ཐབས་ཅིག་གོ།། དེ་དག་ཐམས་ཅད་ཀྱང་རྡོ་རྗེའི་ལྡན་པ་ཆེན་པའི་རྩེ་མའི་ཁ་པ་བརྩེགས་པའི
90a7 གཟུངས་ཡང་དག་པར་རབ་ཏུ་སྟོན་ཏོ།། དེ་དག་ཐམས་ཅད་ཀྱང་ཀུན་ཏུ་སྣང་ངོ་།། སྐད་ཅིག་དེ་ལ་སེམས་ཅན་དེ་དག་ཐམས་ཅད་བདེ་བ་ཐམས་ཅད་ཀྱིས་ཚིམ་པར་གྱུར་ཏོ།། འོན་པ་རྣམས་ནི་སྒྲ




iiif viewer powered by OpenSeadragon

89b - 90b

Texts on this page

Ty073-007 - 'phags pa rdo rje'i ri rab chen po'i rtse mo'i khang pa brtsegs pa'i gzungs