| | e-texts navigator
|
87a1 པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ། མཐུ་ཆེན་པོ་ཐོབ་པ། རྡོ་རྗེ་ཆེན་པོའི་རྣམ་པར་ཐར་པའི་ཏིང་ངེ་འཛིན་གྱིས་སངས་རྒྱས་ཀྱི་ཞིང་རྣམ་པར་འཕྲུལ་པ་དང་།
87a2 ཆོ་འཕྲུལ་ཆེན་པོ་ཀུན་ཏུ་སྟོན་པ། སེམས་ཀྱི་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པའི་རྗེས་སུ་འཇུག་པའི་ཆོས་བསྟན་པ་སྣ་ཚོགས་མཉམ་པ་ཉིད་སྙན
87a3 ཅིང་རྒྱ་ཆེ་ལ་ཟབ་པ་དང་། སྤོབས་པ་དང་། ཆོ་འཕྲུལ་དང་ལྡན་པ། སངས་རྒྱས་ཀྱི་ཞིང་དུ་མར་དེ་བཞིན་གཤེགས་པ་ལ་མཆོད་པ་རྒྱ་ཆེན་པོའི་སྤྲིན་གྱིས་མཆོད་པ་དང་། རྣམ་པར་ཐར་པའི
87a4 དང་རྔ་གཟུངས་དང་། ཏིང་ངེ་འཛིན་དང་། དབང་དང་། མངོན་པར་ཤེས་པ་དང་། མ་འདྲེས་པ་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལ་མ་དང་། ས་བཅུ་དང་ཕ་རོལ་ཏུ་ཕྱིན་པ་དང་རྒཐབས་ལ་མཁས
87a5 པ་དང་། བསྡུ་བའི་དངོས་པོ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། བྱམས་པའི་སྟོབས་དང་། དབེན་པ་དང་། ཡོངས་སུ་བྱང་བའི་སེམས་ཀྱི་རྒྱུན་དང་ལྡན་པ་ཤ
87a6 སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོ་ཞེས་བྱ་བ་དང་། རྡོ་རྗེའི་མིག་དང་། རྡོ་རྗེའི་ལུས་དང་། རྡོ་རྗེ་བློ་གྲོས་དང་། ལག་ན་རྡོ་རྗེ་དང་། རྡོ་རྗེ་འདུས་པ་དང་། རྡོ་རྗེ་མཐུ
87a7 བོཔོ་ཆེ་དང་། རྡོ་རྗེ་རྣམ་པ་འཕྲུལ་པ་དང་། རྡོ་རྗེ་བརྩེགས་པ་དང་། རྡོ་རྗེ་ཕུང་པོ་དང་། རྡོ་རྗེ་ང་རོ་དང་། རྡོ་རྗེ་བཟང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་ཏོག་ཅེས་བྱ་བ་དང་། དེ་དག
iiif viewer powered by OpenSeadragon
86b - 87b