| | e-texts navigator
|
86a1 ཅན་དབང་པོ་ཉམས་པ་དང་།། ཚེ་ཟད་པ་དང་ཚེ་ཉམས་དང་།། ཕུན་སུམ་ཚོགས་མིན་གང་ཆགས་དང་།། ལྷ་རྣམས་རྒྱབ་ཀྱིས་ཕྱོགས་པ་དང་།། མཛའ་སྡུག་སྐྱེ་བོ་སྡང་བ་དང་།། །
86a2 བྲན་བཟའ་ལ་སོགས་གཙེས་པ་དང་།། ཕན་ཚུན་མཐུན་པ་མ་ཡིན་དང་།། ནོར་འགྲིབ་པས་གནོད་པ་དང་།། མྱ་ངན་ངལ་དང་གནོད་པ་དང་།། འཇིགས་པ་དང་ནི་འཕོངས་པ་དང་།། གཟའ་དང་རྒྱུ་སྐར
86a3 བྱུང་སྟེམས་དང་།། མི་བཟད་གདོན་གྱིས་ཉེན་པ་དང་།། མྱ་ངན་ངལ་ལས་བྱུང་བ་ཡི།། རྨི་ལམ་སྡིག་པ་མཐོང་ན་ཡང་།། དེས་ནི་རབ་བཀྲས་གཙང་མ་ཡིན།། མདོ་སྡེ་དམ་པ་མཉན་པར་བྱ།། གང་དག
86a4 ཡིད་དགེ་སེམས་དང་ཞིང་།། གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ།། ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ།། མདོ་སྡེ་འདི་ནི་ཉན་བྱེད་ན།། མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས།། སྲོག་ཆགས་དག་ནི་ཐམས
86a5 ཅད་ཀྱིས།། མི་བཟད་པ་ཡི་ནད་རྣམས་ཀྱང་།། དེ་དག་ཐམས་ཅད་ཞི་བར་བལྟ།། ཚེ་དང་བསོད་ནམས་འཕེལ་བར་འགྱུར།། སྡིག་པ་ཀུན་ལས་རྣམ་པར་གྲོལ།། ནོར་བུ་ཡུངས་ཀར་དུ་ར་བ་དང་།།
86a6 རིན་ཆེན་རྨ་མེད་ཙན་དན་བཅས།། ཤེལ་དང་རྡོ་རྗེ་མེ་ཏོག་དང་།། ཆུ་ཡི་གསེར་རམ་ཡང་ན་ནི།། དངུལ་གྱི་བུམ་པ་དག་ཀྱང་རུང་།། གཙང་མའི་གོས་ཀྱིས་དཀྲི་ཞིང་དགང་ཀལན་གྲངས་ཉི་ཤུ་རྩ
86a7 གཅིག་གམ།། ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད།། རྡོ་རྗེ་རྣམ་འཇོམས་བཟླས་ནས་ནི།། རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག། རྡོ་རྗེས་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། །
iiif viewer powered by OpenSeadragon
85b - 86b