| | e-texts navigator
|
80a1 ཉིད་བཤད་པ། སོར་མོ་རྣམས་ཕན་ཚུན་འཁྱུད་དེ། གུང་མོ་བརྐྱང་ནས་ཁ་བ་ལྟར་གཟུང་བ་ནི་འབྱུང་པོ་ཆེན་པོ་གཞན་གྱིས་མི་ཐུབ་པའི་ཕྱག་རྒྱའོ།། ཕྱག་རྒྱ་འདི་ཉིད།
80a2 ལས་གུང་མོ་བཀུག་ཅིང་མཛུབ་མོ་བརྐྱང་ནས་བཀུག་པ་ནི་རྒྱལ་བའི་ཕྱག་རྒྱའོ།། ཕྱག་རྒྱ་འདི་ཉིད་ལས་མཛུབ་མོ་གཡོན་པ་བསྐྱིལ་ཞིང་མཐེའུ་ཆུང་བརྐྱང་སྟེ་སོ་སོར་གཟུང་བ་ནི་རྫོགས་བྱེད་ཀྱི་ཕྱག་རྒྱའོ།།
80a3 སོར་མོ་ཕན་ཚུན་འཁྱུད་དེ་གཟུང་བ་ནི་ཀུན་ཏུ་རྫོགས་པར་བྱེད་པའི་ཕྱག་རྒྱའོ།། ཕྱག་རྒྱ་འདི་ཉིད་ལས་མཐེའུ་ཆུང་དང་མཐེ་བོང་ནང་དུ་བཀུག་སྟེ་གཟུང་བ་ནི་དུར་ཁྲོད་ཀྱི་བདག་པོའི་ཕྱག་རྒྱའོ།།
80a4 མཐེའུ་ཆུང་གཉིས་རབ་ཏུ་བརྐྱང་སྟེ་གཟུང་བ་ནི་རིགས་ཀྱི་དབང་ཕྱུག་གི་ཕྱག་རྒྱའོ།། ཐལ་མོ་ཁ་སྦྱར་ཏེ་མཛུབ་མོ་གཉིས་བཀུག་པ་ནི་ཕོ་ཉ་མཆོག་གི་ཕྱག་རྒྱའོ།། འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ
80a5 པོ་ཆེན་པོ་ལསའབྱུང་པོའི་རྒྱལ་པོ་ཆེན་པོ་བརྒྱད་ཀྱི་ཕྱག་རྒྱའི་མཚན་ཉིད་རྫོགས་སོ།། ། དེ་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ། བཅོམ་ལྡན་འདས་ཀྱིས་འདི
80a6 སྐད་ཅེས་བཀའ་སྩལ་ཏོ།། རྡོ་རྗེ་སློབ་དཔོན་ལ་ཕན་པའི་དོན་དུ་བསྙེན་བཀུར་མའི་སྒྲུབ་པའི་ཐབས་དཔལ་ཆེན་པོ་ཞེས་བྱ་བའི་འབྱུང་མོ་རྡོ་རྗེ་སློབ་དཔོན་གྱིས་བསྒྲུབ་པར་བྱ་སྟེ། འབྱུང་མོ་རྣམས
80a7 ཀྱིས་ནི་ཡིད་ལ་དགའ་བ་སྐྱེད་ཅིང་ཕན་ཚུན་ཚིམ་པར་བྱེད་པའོ།། དེ་ནས་འབྱུང་པོ་འདུལ་བའི་རྒྱད་ཆེན་པོ་ལས། འབྱུང་མོ་དཔལ་ཆེན་མོའི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པར་བ་ཤན་པ།
iiif viewer powered by OpenSeadragon
79b - 80b