| | e-texts navigator
|
75b1 མདུང་རྩེ་གསུམ་པ་ཐོགས་པའོ།། གཡོན་པའི་ཕྱོགས་ཀྱི་མ་རུ་ནི།། སྲེད་མེད་ཀུན་ཕྲ་བྱ་སྟེ།། གཡས་པ་ནནི་རྔ་ཡབ་དང་།། གཡོན་ན་འཁོར་ལོགས་ལ་ཤིང་ངོ་།། རྒྱབ་ཏུ་བརྒྱ་བྱིན་རྒྱལ་བ་སྟེ། དེངན།
75b2 སྤྲིན་དྲུག་མདུན་དུའོ།། ཚངས་པ་ལག་ན་གདུགས་འཛིན་པ།། ཁ་བ་མེ་ཏོག་ཀུན་ད་དང་།། ཟླ་འདྲ་བརྒྱ་བྱིན་མདུན་བྲི་སྟེ།། རང་གི་སྟན་ལ་འཁོད་པར་རོ།། ཡང་ན་སྔགས་པས་མུ་ཏིག་དང་།། བ་ལི།
75b3 ཞོ་འདྲ་དཀར་པོ་ནི།། རྔ་ཡབ་ཐོགས་པར་སྨིན་དྲུག་བྲི།། ཚངས་པ་ཁ་དོག་དམར་པོ་ཟ།། བརྒྱ་བྱིན་ཁ་དོག་གསེར་པོ་བྲི།། རྒྱན་ཀུན་གྱིས་ནི་རྣམ་སྨྲས་ཤིང་།། རྔ་ཡབ་ཐོགས་པར་ཁྱད་འཇུག་བྲི།།
75b4 དེ་བཞིན་ཁྱུ་མཆོག་ལ་ཞོན་པར།། ལྷ་ཆེན་པོ་ནི་བྲི་བྱ་སྟེ།། ཀུན་འགྱེད་ལག་ན་འཁོར་ལོ་ཅན།། ངང་པ་ལ་ཞོན་བྲི་བར་བྱ།། བརྒྱ་བྱིན་གླང་ཆེན་ཞོན་པ་སྟེ།། སྨིན་དྲུག་རྨ་བྱ་ཞོན་པའོ།། ཕྱི་རོལ་དང་ནི
75b5 གྲཝ་རྣམས་སུ།། འབྱུང་མོ་བརྒྱད་ནི་བྲི་བར་བྱ།། པདྨ་ཅན་དང་པད་ཆེན་དང་།། རྣམ་འབྱུང་མ་དང་ལྷ་འཇོམས་མ།། འཕྲོག་མ་མཆོག་དང་རིན་པོ་ཆེ།། རྒྱན་མ་འགྲོ་བ་སྐྱོང་མ་རྣམས།། དཔལ་གྱི་སྒྲ
75b6 ཡིས་རབ་གྲགས་པའི།། འབྱུང་མོ་ཆེན་མོ་བརྒྱད་པོ་སྟེ།། པདྨ་ཅན་དང་པད་ཅན་མ།། པདྨ་དཀར་པོ་ལྟ་བུར་བྲི།། རྣམ་འབྱུང་མ་དང་ལྷ་འཇོམས་མ།། ཁ་དོག་དམར་པོར་བྲི་བར་བྱ།། འབྱུང
75b7 བཞི་རྣམས་མཚུངས་པར་ནི།། གསེར་གྱི་མདོག་ཏུ་བྲི་བར་བྱ།། རྫུ་འཕྲུལ་ཆེ་ལྡན་འབྱུང་མོ་བརྒྱད།། ཇི་ལྟར་བསྟན་བཞིན་དེ་ལགས་བྲི།། དེ་ནས་འདིར་དཀྱིལ་འཁོར་གྱི་ཆོ་ག་བཤད་པ། རྡོ་རྗེ་སློབ
iiif viewer powered by OpenSeadragon
75a - 76a