e-texts navigator
Collection
Volume
Page
Wylie

75a1 བདག་པོ་ལྷ་རྣམས་ཀྱིས་འདའ་བར་བྱ་བ་མ་ཡིན་པ་མངག་གཞུག་མ་ལུས་པ་སྒྲུབ་པར་བྱེད་པ། མ་རུངས་པ་རྣམས་དང་ལྷ་རྣམས་ལ་བསྟན་པར་བྱའོ།། དེ་ནས་དབང་ཕྱུག་ཆེན་པོ།
75a2 ལྷ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་མི་བྱེད་པ་བསྟན་པ། འཇིག་རྟེན་གསུམ་གྱི་ལྷ་རྣམས་ཀྱིས་འདའ་བར་བྱབ་མ་ཡིན་པ་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པའི་ལེའུ་དང་། བྱས
75a3 རྒྱ་དང་། སྔགས་ཀྱི་རིམ་པར་ཕྱེ་བ་བཤད་དུ་གསོལ། དེ་ནས་འཁོར་གྱི་དཀྱིལ་འཁོར་དེ་ན་གནས་པ་རྣམས་ཀྱིས། ལྷ་ཆེན་པོ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཤིན་ཏུ་གདུལ་དཀའ་བ་རྣམས
75a4 འདུལ་བར་བྱེད་པ་གསོལ་བ་བཏབ་པ་ནི་ལེགས་སོ་ལེགས་སོ།། དེ་ནས་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་ཆེན་པོས་འདི་སྐད་ཅེས་གསུངས་སོ།། ཁྲོ་བོའི་དཀྱིལ་འཁོར་དམ་པ་ནི།། གྲུ་བཞི་པ་ལ་སྒོ་བཞི་པ
75a5 རྟ་བབས་བཞི་ཡིས་རྣམ་པར་བརྒྱན།། ཆ་རྣམས་བཅུ་དྲུག་དག་དང་ལྡན།། རྡོ་རྗེ་རབས་མཛེས་པའོ།། དེ་ཡི་དབུས་སུ་དྲག་པོ་ཆེ།། རྡོ་རྗེ་ཁྲོ་བོ་དགོད་བྱ་བ།། འབར་བའི་འཕྲེང་བ་འཁྲུག་ཅིང་གསལ།
75a6 བསྐལ་པ་མཐའ་མའི་མེ་འོད་འདྲ།། ལྷ་ཆེན་མིག་སྨན་སྦྱར་འདྲ་ཞིང་།། ཐོད་པའི་འཕྲེང་བས་རྒྱན་དུ་བྱས།། དྲག་ཤུལ་བཞད་ཅིང་ཆེར་འཇིགས་པ།། འཇིག་རྟེན་གསུམ་པོ་འཇིག་མཛད་པའོ།།
75a7 བཅོམ་ལྡན་འདས་ཀྱི་གཡས་ལོགས་སུ།། ལྷ་ཆེན་པོ་ནི་བྲོ་བྱ་སྟེ།། བཞོ་མུ་ཏིག་ལྟར་དཀར་ཞིང་།། དེ་བཞིན་དཀར་པོ་དུང་འདྲ་ཞིང་།། མིག་གསུམ་པ་ལ་ལག་བཞི་པ།། ཞི་ཞིང་ལག་པ་གཡོན་པ་ན།




iiif viewer powered by OpenSeadragon

74b - 75b

Texts on this page

Ty073-002 - 'byung po 'dul ba zhes bya ba'i rgyud kyi rgyal po chen po