| | e-texts navigator
|
48a1 དཀྱིལ་འཁོར་བྱས་ནས་མེ་ཏོག་གཅལ་དུ་བཀྲམ་སྟེ། གུ་གུལ་གྱི་དུང་པས་འདུག་ཅིང་སྟོང་ཕྲག་བརྒྱད་བཟླས་ན་འགྲུབ་པར་འགྱུར་རོ།། མཚན་མོའང་སྟོང་བཟླས་ན་འོང་སྟེ
48a2 འོངས་ནས་འདོད་པ་སྦྱིན་པར་འགྱུར་ཏེ་ཆུང་མར་འགྱུར་རོ།། གསེར་སྲང་བ་རྒྱ་མལ་དུ་དོར་ནས་ཐོ་རངས་ཀྱིས་འགྲོ་བར་བྱེད་དོ།། ཉི་མ་རེ་རེ་འདི་ལྟར་བྱས་ན་ཟླ་བ་གཅིག་གི་བར་དུ་ངེས་པར་འགྲུབ་བོ།།
48a3 ཆུ་བོའི་འགྲམ་དུ་སོང་སྟེ། ཙན་དན་གྱི་དཀྱིལ་འཁོར་བྱས་ནས་ཞོ་དང་འབྲས་ཆན་གྱི་གཏོར་མ་བྱིན་ན་ཉི་མ་བདུན་ན་ངེས་པར་འོང་ངོ་།། འོངས་ནས་ཙན་དན་གྱི་ཆུའི་མཆོད་ཡོན་བྱིན་ན་དགའ་བར་གྱུར་ཏེ། སྡུག
48a4 པ་ངེས་ཅི་བྱ་ཟེར་ཏེ། སྒྲུབ་པ་པོས་རྒྱལ་སྲིད་སླང་ཞིག་ཅེས་སྨྲའོ།། དེ་ནས་ཡུལ་འཁོར་ཡང་ཡོངས་སུ་སྐྱོང་བར་བྱེད་དོ།། གོས་དང་། རྒྱན་དང་། བཟའ་བ་ལ་སོགས་པ་མཐུན་པར་སྦྱིན་པར་བྱེད་དོ།།
48a5 དཔལ་རྡོ་རྗེ་འཆང་གི་ཁང་པར་སོང་སྟེ། ཀ་ར་ཝཱི་རའི་མེ་ཏོག་སྦྱིན་ཞིང་གུ་གུལ་གྱི་བདུག་པས་བདུགས་ལ་སྟོང་ཕྲག་བརྒྱད་བཟླས་ན་འགྲུབ་པར་འགྱུར་ཏེ། མཚན་མོའང་སྟོང་བཟླས་ན་ངེས་པར་འོང་ངོ་།། འོངས
48a6 པ་ལ་མེ་ཏོག་གི་སྟན་སྦྱིན་ཞིང་ལེགས་པ་འོངས་སོ་ཞེས་བརྗོད་ན་ཆུང་མར་འགྱུར་ཏེ། ལྷའི་དངུལ་ཆུ་དང་། བཅུད་ཀྱིས་ལེན་དང་། རྫས་ཀྱི་དངོས་གྲུབ་སྟེར་ཞིང་དགྲ་ཐམས་ཅད་འཇོམས་པར་བྱེད་དོ།།
48a7 རྒྱབ་ཏུ་ཞོན་ན་མཐོ་རིས་སུའང་འཁྱེར་བར་བྱེད་དོ།། ལོ་སྟོང་ཕྲག་བཅུར་འཚོའོ།། ཆུ་བོའི་འགྲམ་དུ་སོང་སྟེ་སྤོས་དཀར་པོས་དཀྱིལ་འཁོར་བྱས་ནས་མེ་ཏོག་དཀར་པོ་བྱིན་ཏེ། དུ་རུ་ཀ་ས་བདུགས་ལ་སྟོང
iiif viewer powered by OpenSeadragon
47b - 48b