e-texts navigator
Collection
Volume
Page
Wylie

47b1 མཐེ་བོང་གཡས་ནི་མནན་བྱས་པ།། འབྱུང་ཀུན་དབང་དུ་བྱེད་པའོ།། ལག་གཡོན་དུ་ཚུར་བཅངས་པ་ལས།། སྲིན་ལག་རབ་ཏུ་བརྐྱང་བ་ནི།། འབྱུང་མོ་ཐམས་ཅད་འགུགས་པ་སྟེ།། བགེགས་ཀུན།
47b2 ཟློག་པར་བྱེད་པའོ།། ལག་གཡོན་ཁུ་ཚུར་བཅངས་ནས་ནི།། མཛུབ་མོ་རབ་ཏུ་བརྐྱང་བྱས་པ།། འབྱུང་མོ་མངོན་ཕྱོགས་བྱེད་པ་སྟེ།། གདུག་པ་ཐམས་ཅད་ཟ་བྱེད་པའོ།། ལག་པ་གཡོན་པས་ཁུ་ཚུར
47b3 བཅངས་ཏེ་མཐེའུ་ཆུང་བརྐྱང་བ་ནི་འབྱུང་མོའི་དམ་ཚིག་གི་ཕྱག་རྒྱ་སྟེ། ཐམས་ཅད་དུ་ལས་ཐམས་ཅད་བྱེད་པའོ།། ལག་པ་གཉིས་ཀའ་སོར་མོ་རྣམས་གཅིག་གི་སྟེང་དྲུགཅིག་བསྟོན་པ་བྱས་པ་ལ་ལག།
47b4 པ་གཡས་པ་རྐེད་པ་གཡས་པར་བཞག་ལ། ལག་པ་གཡོན་པས་གཡས་མནན་པའི་སྟེང་དུ་བཞག་པ་ནི་མཆོག་གི་སྙིང་པོ་སྟེ་འབྱུང་མོ་ཐམས་ཅད་ཀྱི་ཕྱག་རྒྱའོ།། ཕྱག་རྒྱ་འདི་དག་བཅིངས་པ་ཙམ་གྱིས་འབྱུང
47b5 མོ་རྣམས་མྱུར་དུ་འོང་སྟེ། གལ་ཏེ་མ་འོངས་ན་མིག་དང་སྤྱི་བོ་འགས་ཤིང་བསྐམས་ཏེ་འཆི་བར་གྱུར་ཅིག། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་ཆེན་པོས་འདི་སྐད་ཅེས་བཀའ་སྩལ་པ།
47b6 གལ་ཏེ་འབྱུང་མོ་རྣམས་དམ་ཚིག་ལས་འདའ་བར་བྱེད་ན་ཁྲོ་བོ་འདི་དང་བ་ཅས་པས་དགུག་པའི་ཕྱིར་བཟླས་ཏེ། ཨོཾ་ཀ་ཊུ་ཀ་ཊུ་སྲྀ་ཏྲཾ་ཧྲཱི་ཆེ་གེ་མོ་བྷཱུ་ཏི་ནི་ཧཱུཾ་ཕཊ། ཁྲོ་བོ་འདི་དང་བཅས་པས་བརྒྱ་ཕྲག་བརྒྱད
47b7 བཟླས་ན་མྱུར་བར་འོང་འགྱུར་རོ།། གལ་ཏེ་མྱུར་དུ་མ་འོངས་ན་མིག་དང་སྤྱི་བོ་འགས་པ་འམ་བསྐམས་ཏེ་འཆིའོ།། དེ་ནས་སྒྲུབ་པའི་ཐབས་ཀྱི་ཆོ་ག་བཤད་པ་ཆུ་བོའི་འགྲམ་དུ་སོང་སྟེ་ཙན་དན་གྱི




iiif viewer powered by OpenSeadragon

47a - 48a

Texts on this page

Ty073-002 - 'byung po 'dul ba zhes bya ba'i rgyud kyi rgyal po chen po