e-texts navigator
Collection
Volume
Page
Wylie

47a1 ཆེན་པོའི་དམ་ཚིག་ལ་གནས་ཤིང་འཇིག་རྟེན་པའི་སྔགས་དང་ཕྱག་རྒྱའི་ཆོ་ག་ཐམས་ཅད་ཀྱི་དངོས་གྲུབ་སྩོལ་བར་བགྱིའོ།། དཔལ་རྡོ་རྗེ་འཆང་བཟླས་པ་ཙམ་གྱིས་ཐམས།
47a2 ཅད་འགྲུབ་པར་འགྱུར་ཏེ། གལ་ཏེ་མ་གྲུབ་ན་རིགས་དང་བརྒྱུད་དུ་བཅས་པ་རླག་པར་གྱུར་ཅིག། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་དམ་ཚིག་ཉམས་པར་གྱུར་ཅིག། དེ་བཞིན
47a3 གཤེགས་པའི་ཁྲོ་བོའི་རྡོ་རྗེས་སྤྱི་བོ་བཀས་པར་གྱུར་ཅིག། མྱུར་བ་ཉིད་དུ་ཤི་སྟེ་རྣམ་པ་ཐམས་ཅད་དུ་དམྱལ་བ་ཆེན་པོ་བརྒྱད་དུ་འཇུག་པར་གྱུར་ཅིག། དེ་ནས་ཡང་དག་བཤད་བྱ་བ།། སྒྲུབ་པ་པོ་ལ།
47a4 གནས་མཆོག་སྟེ། ཆུ་བོའི་འགྲམ་དང་དུར་ཁྲོད་དང་། ཕྱག་ན་རྡོ་རྗེའི་ཁྱིམ་དག་སྟེ།། དེར་ནི་འབྱུང་པོ་འབྱུང་མོ་ཀུན།། འགྲུབ་འགྱུར་འདི་ལ་ཐེ་ཙོམ་མེད།། འབྱུང་པོའི་རྒྱལ་མོ་ཆེན་པོ་བརྒྱད
47a5 ཀྱི་སྦུབ་པའི་གནས་སོ།། དེ་ནས་ཕྱག་རྒྱ་བཤད་བྱ་བ།། འབྱུང་མོ་བརྒྱད་ཀྱི་སྒྲུབ་པ་སྟེ། ལག་གཡོན་ཁུ་ཚུར་དམ་བཅངས་ནས།། གུང་མོ་རབ་ཏུ་བརྐྱང་བྱས་པ།། སྤྱན་དྲངས་མཆོད་པའི་ཕྱག་རྒྱ།
47a6 སྟེ་རིགས་ཀྱི་མཆོག་ནི་སྒྲུབ་བྱེད་པའོ།། ཁུ་ཚུར་ཕན་ཚུན་བཅངས་ནས་ནི།། མཛུབ་མོ་རབ་ཏུ་བརྐྱང་བྱས་པ།། རང་གི་དེམ་ཚིག་སྲུང་བ་ཡི།། འབྱུང་མོ་སྐད་ཅིག་དེ་ལ་སྒྲུབ།། ལག་གཡོན་ཁུ་ཚུར་དམ
47a7 བཅངས་ནས།། མཐེའུ་ཆུང་རབ་ཏུ་བརྐྱང་བྱས་པ།། ཉེ་བར་བྱེད་པའི་ཕྱག་རྒྱ་སྟེ།། འབྱུང་པོ་ཐམས་ཅད་རྗེས་འབྲང་བའོ།། ལག་པ་གཡོན་པ་བརྐྱང་ནས་ནི།། མཛུབ་མོ་བསྐྱིལ་བ་བྱས་ནས་སུ




iiif viewer powered by OpenSeadragon

46b - 47b

Texts on this page

Ty073-002 - 'byung po 'dul ba zhes bya ba'i rgyud kyi rgyal po chen po