| | e-texts navigator
|
423a1 བདེ་བ་ཅན་ན་བཞུགས་པའི་རྒྱལ་པོ་འོད་དཔག་མེད།། བླ་མ་ལ་ཡང་དགའ་དང་གུས་པས་གདུང་བར་བགྱི།། གང་ཞིག་ཕྱོགས་ཀུན་དག་ན་ད་ལྟར་བྱུང་བ་ཡི།། འགྲོ་ལ་བྱམས
423a2 པའི་སངས་རྒྱས་ངེས་པར་བཞུགས་རྣམས་དང་།། འདས་དང་ཕྱིས་འབྱུང་བ་ཡི་རྒྱལ་བ་ཐམས་ཅད་ལ།། བདག་ནི་དགའ་བའི་ཡིད་ཀྱིས་ཡང་དག་མཆོད་པ་བགྱི།། འདི་ལྟ་སྟེ། ཡང་དག་པར
423a3 རྫོགས་པའི་སངས་རྒྱས་ཉི་ཟླ་སྒྲོན་མ་དང་། སྐུ་མདོག་གསེར་འོད་དང་། བདེན་པའི་དབྱངས་དང་། ལྷུན་པོ་བཟང་དང་། ལྷུན་པོ་ཆེན་པོ་དང་། དབང་པོའི་འབྱུང་གནས་དང་། པདྨ
423a4 དབྱངས་དང་། ཕྱག་བཟང་དང་། འོད་ཀྱི་ཏོག་དང་། མཆོག་གི་འབྱུང་གནས་དང་། རིན་ཆེན་ཟླ་འོད་དང་། དཔའ་བོའི་སྡེ་དང་། ཀུན་ནས་སྣང་བ་དང་། རྣམ་དག་ཞལ་དང་། རིན་ཆེན་ཏོག་དང་།
423a5 མདོག་བཟང་འབྱུང་གནས་དང་། སཱ་ལའི་རྒྱལ་པོ་དང་། རྣམ་དག་འོད་དང་། བདེ་མཛད་རྒྱལ་པོ་དང་། ཀུན་ནས་སྣང་བ་དང་། ལྷུན་པོ་བཟང་པོ་གསལ་བ་དང་། འོད་ཀྱི་དཀྱིལ་འཁོར་དང་།
423a6 དཀོན་མཆོག་བརྫོགས་དང་། ཀུན་ནས་འོད་དང་། དཔའ་བརྩེགས་དང་། བཀོད་པ་ཆེན་པོ་དང་། སྦྱངས་གསལ་བཻ་ཌཱུཪྻ་དང་། དབང་པོའི་རྒྱལ་མཚན་དང་། ཐོབ་པའི་སྡེ་དང་། རབ་ཏུ་ལྷན་ནེ་དང་།
423a7 འོད་མཛེས་དང་། མེ་ཧོག་ཚེམས་དང་། སྤྱན་བཟང་དང་། ཤིན་ཏུ་བཟང་པོ་དང་། འོད་བཟང་སྒྲོན་མ་དང་། དགོངས་པ་རྣམ་དག་དང་། ཆོས་ཀྱི་འོད་ཟེར་དང་། བརྩོན་འགྲུས་ཆེ་ལྡན་དང་། པདྨའི
iiif viewer powered by OpenSeadragon
422b - 423b