| | e-texts navigator
|
422b1 བར་བགྱི།། དཀོན་མཆོག་གསུམ་ལ་དམིགས་པ་ཡི།། བདག་གི་ལུས་ངག་ཡིད་དགེ་དང་།། སྦྱིན་པ་ཚུལ་ཁྲིམས་བཟོད་བརྩོན་འགྲུས།། བསམ་གཏན་ཤེས་རབ་ལས་བྱུང་གང་།། དེ་དག
422b2 ཀུན་གྱིས་བདག་ཉིད་ནི།། ཚངས་པར་སྤྱད་པ་ལྡན་པ་དང་།། འཇིག་རྟེན་མགོན་གྱིས་བསྟན་པ་ལོ།། རང་བྱུང་མངོན་དགའ་དབང་ལྡན་ཞིང་།། སངས་རྒྱས་ཀུན་གྱི་གསུང་རབ་ཀྱི།། གཞུང་དོན
422b3 ཚིག་ལ་མཁས་གྱུར་ནས།། དམ་ཆོས་ཡོངས་སུ་འཛིན་པ་དང་།། ལུས་དང་སྲོག་ལ་དགའ་མེད་ཤོག། བདག་ནི་འགུམ་པའི་དུས་ཀྱི་ཚེ།། ཕྱིན་ཅི་མ་ལོག་ཡིད་ཀྱིས་སུ།། སངས་རྒྱས
422b4 དཔག་མེད་མཐོང་ནས།། འདི་ནས་བདེ་བ་ཅན་དུ་མཆི།། བདུད་ཀྱི་སྤྱོད་ཡུལ་མངོན་གྱུར་ཚེ།། དྲང་སྲོང་ཆེན་པོ་ཆེ་དཔག་མེད།། རྟག་ཏུ་སྟོན་པར་མཛད་གྱུར་ཅིང་།། ས་བཅུ་ཐོབ་ནས་དེ་དག།
422b5 གི། རྣམ་པར་དག་པའི་རིམ་པ་ཡིས།། བྱང་ཆུབ་དམ་པ་ཐོབ་པར་ཤོག། སངས་རྒྱས་ཀུན་ཏུ་བཟང་པོ་ཉིད་ཐོབ་ནས།། བག་ཆགས་བཅས་པ་ཉེས་བསགས་རྩ་ནས་བཏོར།། ཡེ་ཤེས
422b6 བསྒྲིབས་མེད་སྙིང་རྗེར་ལྡན་ནས་སུ།། འགྲོ་བ་རྣམས་ལ་སྨན་དང་བདེ་བ་བགྱི།། ཕྱོགས་བཅུའི་མཐའ་ཡས་པ་ན་ཤེས་བྱའི་དོན་མ་ལུས་པར་ཁྱབ་པའི་བློ་མངའ་བ་ཕྱོགས་བཅུའི་སངས
422b7 རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་རྒྱ་མཚོ་སྙེད་ལ་ཕྱག་འཚལ་ལོ།། སེམས་ཀྱི་རྙོག་མ་ཡིད་གཉིས་བསལ་ནས་དང་པོར་ནི།། ཤཱཀྱའི་རྒྱལ་པོ་ཐུབ་ལ་སྤྱི་བོས་ཕྱག་འཚལ་ལོ།།
iiif viewer powered by OpenSeadragon
422a - 423a