e-texts navigator
Collection
Volume
Page
Wylie

422a1 འདིར་ནི་བསྒྲགས་པར་བགྱི།། འཕགས་པ་དཔུང་བཟང་གིས་ནུས་པའི་ལེའུ་བཅུ་གཅིག་པའོ།། ། འཕགས་པ་དཔུང་བཟང་གིས་ནུས་པའི་རྒྱུད
422a2 རྫོགས་སོ།། རྒྱ་གར་སྐད་དུ། སྭ་དྷྱས་ཧཱ་པ་རི་ཎ་ཏ་རཱ་ཛ་ས་མནྟ།། བོད་སྐད་དུ། འཕགས་པ་ཡོངས་སུ་སྤྲོ་བའི་རྒྱལ་པོ་ཆེན་པོ་སྔགས
422a3 བཅས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། ཡོན་ཏན་རྒྱ་མཚོ་དཔག་མེད་པ།། སངས་རྒྱས་དམ་ཆོས་འཕགས་པ་ཡི།། དགེ་འདུན་དུས་གསུམ་བཞུགས་པ
422a4 རྣམས།། མ་ལུས་པ་ལ་སྐྱབས་སུ་མཆི།། མི་དགེ་ཐམས་ཅད་བཤགས་པར་བགྱི།། འགྲོ་བའི་དགེ་ལ་རྗེས་ཡི་རང་།། ཆོས་ཀྱི་འཁོར་ལོ་རབ་བསྐོར་བར།། རྫོགས་སངས་རྒྱས་ལ་བསྐུལ་མ
422a5 འཚལ།། ཀུན་མཁྱེན་སྦྱར་གྱིས་གཟིགས་པ་ཡི།། བདག་དགེ་ཆུང་ཡང་གང་མཆིས་པ།། དེས་ནི་གཏན་དུ་བྲལ་བ་དག། ཐམས་ཅད་ཉེ་བར་ཞི་གྱུར་ཅིག། རྣམ་པ་ཀུན་མཆོག་ལྡན་པ་ཡི།།
422a6 སྟོང་པ་ཤེས་པའི་ཏིང་ངེ་འཛིན།། བྱང་ཆུབ་པར་གྱི་ཚེ་རབས་སུ།། རྟག་ཏུ་བདེ་དང་ལྡན་པར་ཤོག། རྣམ་པར་མི་རྟོག་ལྷུན་གྱིས་གྲུག།། རྟག་ཏུ་མཉམ་པར་གཞག་གྱུར་ཅིག། ཟླ་ཡིན།།
422a7 བུ་རོལ་མོ་ལྟར།། སེམས་ཅན་དོན་ལ་འཇུག་པར་ཤོག། ཇི་ལྟར་རྒྱལ་བ་མཁས་པ་རྣམས།། ཤེས་རབ་ཕ་རོལ་ཕྱིན་ཐབས་བསྔོ།། དེ་ལྟར་བདག་གི་བདག་དཀར་པོ་རྣམས།། བྱང་ཆུབ་ཏུ་ནི་བསྔོ




iiif viewer powered by OpenSeadragon

421b - 422b

Texts on this page

Ty073-062 - 'phags pa dpung bzang gis zhus pa zhes bya ba'i rgyud
Ty073-063 - 'phags pa yongs su bsngo ba'i rgyal po chen po sngags dang bcas pa