e-texts navigator
Collection
Volume
Page
Wylie

40a1 སྒྲུབ་པ་ཆེན་པོ་བརྩམས་ནས་ལས་གཞན་དབབ་པ་དང་གསོད་པ་ལ་སོགས་པ་རྣམས་མི་བྱའོ།། གལ་ཏེ་བྱས་ན་རིག་པ་འགྲུབ་པར་མི་འགྱུར་རོ།། ལོང་བ་དང་། སྒུར་པོ་དང་།
40a2 རླིག་རླུགས་དང་འོན་པ་དང་། སེན་མོ་ངན་པ་དང་ཤ་བཀྲ་ཅན་དང་། ལུས་ཞ་བ་དང་། སྤོ་གནག་པ་རྣམས་ཀྱིས་སྒྲུབ་པ་ཆེན་པོ་འགྲུབ་པར་མི་འགྱུར་རོ།། གཞན་གཟའ་ལ་སོགས་པ
40a3 འགྲུབ་པར་འགྱུར་རོ།། མི་གང་སངས་རྒྱས་དང་ཆོས་ལ་དད་པ་དང་ལྡན་པ་དང་། འདུན་པ་དང་ལྡན་པ་དང་། སེན་མོ་ཟངས་ཀྱི་མདོག་ཅན་དང་ལྡན་པ་དང་ཕ་མ་ལ་གུས་པ་དང་། བླ་མ་ལ་སྲི།
40a4 ཞུ་ཆེ་བ་དེས་ཐམས་ཅད་འགྲུབ་པར་འགྱུར་རོ།། རིག་པ་འཛིན་པས་སྔགས་སྒྲུབ་པ་སྔོན་བཞིན་སྒྲུབ་པ་དང་ལྡན་ན་ཚེའི་དུས་བྱས་ཀྱང་གང་འདོད་པ་སེམས་ཤིང་ཤི་བས། དེ་ཤི་བ་ཙམ་གྱིས་དེ་དང་།
40a5 དེར་སྐྱེ་བར་འགྱུར་ཏེ། རིག་པ་འཛིན་པའི་འཁོར་ལོས་སྒྱུར་བ་ཆེན་པོ་འམ། ཡང་ན་རིག་པ་འཛིན་པའི་རིགས་སམ། དབང་ཕྱུག་ཆེན་པོའི་རིགས་སམ་གདོལ་པའི་རིག་པ་འཛིན་པའི་རིགས
40a6 དེ་ལྟ་བུའི་རིམ་པ་གང་འདོད་པའི་བསམ་པས་སྔགས་བསྒྲུབས་པས་དེ་ལྟ་བུའི་རིགས་སུ་འགྲུབ་པར་འགྱུར་རོ།། སྒྲུབ་པ་ཆེན་པོ་ལ་འབད་པའི་རིག་པ་འཛིན་པས་རྡོ་རྗེ་དང་། འཁོར་ལོ་དང་། རྩེགསུ
40a7 དང་དབྱུག་གུ་དང་། ཞགས་པ་དང་། མདུང་ཐུང་དང་། དབྱུག་ཏོ་དང་། པདྨ་དང་། དུང་དང་། ལྗགས་ཀྱུ་དང་། སྤྱི་ཐུགས་ལ་སོགས་པ་རྣམས་ལ་རྐང་པས་བརྫི་བར་མི་བྱའོ།།




iiif viewer powered by OpenSeadragon

39b - 40b

Texts on this page

Ty073-001 - 'phags pa rdo rje sa 'og gi rgyud kyi rgyal po zhes bya ba