| | e-texts navigator
|
39b1 རྡོ་རྗེ་གོ་ཆའི་སྔགས་སྟོང་ཕྲག་བརྒྱད་མངོན་པར་བསྔག་གོ།། དེ་ནས་སྒྲུབ་པའི་དུས་སུ་བ་ལང་གི་གཅིན་དང་བཏགས་ཏེ་ལུས་ལ་ཡོངས་སུ་བསླུས་ནས་སྒྲུབ་པ་ལ་འཇུག་གོ།། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་།།
39b2 རིག་པ་འཛིན་པ་དང་། ལོག་འདྲེན་ཐམས་ཅད་ཀྱིས་རྒྱང་ནས་འོད་དང་ལྡན་པའི་མའི་ཕུང་པོ་ལྟར་འབར་བར་མཐོང་ངོ་།། མཐོང་ནས་ཕྱག་འཚལ་བར་འགྱུར་རོ།། འཇིག་རྟེན་དང་འཇིག་རྟེན་ལས་འདས
39b3 པ་ཐམས་ཅད་ཀྱི་རིགས་རྣམས་མཚུངས་པར་འགྲུབ་པར་འགྱུར་རོ།། གང་གི་ཚེ་རིག་པ་འཛིན་པས་རྫས་གྲུབ་པར་གྱུར་ན་དེ་ནས་སྔོན་བཞིན་བཅོམ་ལྡན་འདས་སྤྱན་མའི་སྔགས་ཀྱིས་མེ་ཏོག་དཀར
39b4 པོ་ལ་བརྒྱད་བརྒྱ་བཟླས་ལ་རྫས་ཀྱི་དབུས་སུ་བཅུག་པས་རྫས་བརྟན་པར་འགྱུར་རོ།། གཞན་དུ་ན་དངོས་གྲུབ་འཕྲོག་པར་འགྱུར་རོ།། གལ་ཏེ་རིག་པ་འཛིན་པས་གསང་སྔགས་གྲུབ་པར་མ་གྱུར་ན་རིག་པ་འཛི
39b5 པཔདེས་འདི་ལྟར་བྱ་སྟེ། རྒྱ་མཚོ་ཆེན་པོར་འབབ་པའི་ཆུ་བོའི་འགྲམ་དུ་རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོ་ཅན་གྱི་མཆོད་རྟེན་ཁྲུ་གང་བ་བརྒྱད་བརྒྱ་བྱས་ལ། མཆོད་རྟེན་རེ་རེ་ལ་ཇི་ལྟར་ནུས་པའི་དྲི
39b6 དང་མེ་ཏོག་དང་། བདུག་སྤོས་ཕུལ་ཏེ་དུས་གསུམ་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་ལ་སྡིག་པ་བཤགས་ཏེ་རེ་རེའི་མདུན་དུ་སྟོང་ཕྲག་བརྒྱད་དམ་བརྒྱད་བརྒྱ་བཟླའོ།། གལ་ཏེ་མཚན་མ་མ་བྱུང་ན
39b7 ཆོ་ག་འདིས་མཆོད་རྟེན་སྟོང་ཕྲག་གཅིག་བྱས་ཏེ། དེའི་ནུངབ་ཕྱོགས་མ་ཡིན་པའི་མཆོད་རྟེན་འབར་ན་ལས་ཀྱི་སྒྲིབ་པ་ཟད་པར་ཤེས་པར་བྱའོ།། དེ་ནས་གང་ཅི་སྒྲུབ་པ་དེ་ཐམས་ཅད་འགྲུབ་པར་འགྱུར་རོ།།
iiif viewer powered by OpenSeadragon
39a - 40a