e-texts navigator
Collection
Volume
Page
Wylie

36b1 བཏང་སྙོམས་ཆེན་པོ་ལ་གནས་པ་དེའི་རིག་པ་འཛིན་པའི་འདུལ་བ་ངས་བཤད་པར་བྱའོ།། དང་པོར་རེ་ཞིག་བཟླས་པའི་འཕྲེང་བ་ཡོངས་སུ་བཟུང་སྟེ་ནོར་བུ་དང་། བུ་ཡིས་འཚོ་བ་དང་། དྲུག
36b2 པོའི་རོལ་བུ་དང་། ཙན་དན་དམར་པོ་དང་། རྡོ་རྗེའི་མིག་རྣམས་ལས་དྲག་པོའི་མག་ཁྱད་པར་དུ་འཕགས་པས་དེ་བརྒྱུ་བའི་སྔགས་སུ་གྱུར་པ་ནི། ན་མོ་བཛྲ་པཱ་ཎ་ཡེ། ཨོཾ་ཀི་རི་ཀི་ར་རོ་ཛ
36b3 སྭཱ་ཧཱ་སྔགས་འདིས་འཕྲེང་བ་བརྒྱུ་བར་བྱའོ།། དེ་ནས་སློབ་དཔོན་ལས་གནང་བ་ནོད་དེ། སློབ་དཔོན་ལ་ཕུལ་དུ་བྱུང་བའི་ཡོན་དུལ་ལ་སྔགས་བཟླ་བར་བྱའོ།། དེ་ལྟ་བུའི་བྱ་བ་དང་ལྡན་པས
36b4 སྔགས་བསྒྲུབས་པས་ངེས་པར་འགྲུབ་པར་འགྱུར་རོ།། བགེགས་རྣམས་ཀྱི་ས་བར་དུ་གཅོད་པར་མི་འགྱུར་རོ།། དཀྱིལ་འཁོར་དུ་མ་ཞུགས་ན་ཚིག་ཙམ་ཡང་སྦྱིན་པར་མི་བྱ་ན། སྔགས
36b5 འགྲུབ་པ་ལྟ་ཅི་སྨོས་དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་ལ་སྔགས་འགྲུབ་པ་གསང་བ་བཤད་པར་བྱའོ།། རིག་པ་འཛིན་པས་ཞི་བ་དང་། རྒྱས་པ་དང་། མངོན་སྤྱོད་དང་། དབང་དུ་བྱ་བ་དང་།།
36b6 གསོད་པ་དང་། བསྐང་བ་རྣམས་སྒྲུབ་པའི་དོན་དུ་གནས་ཡོངས་སུ་གཟུང་བར་བྱའོ།། དེ་ལ་རེ་ཞིག་གནས་སུ་གྱུར་པ་ནི་རིའི་རྩེ་མོ་དང་། ཤིང་གཅིག་པ་དང་། དུར་ཁྲོད་དང་། རིང་བསྲེལ་ཅན
36b7 རྒྱ་མཆོད་ཆེན་རྣམས་སུ་བུམ་པ་རྩ་ནག་པོ་མེད་པར་ནོར་བུ་དང་། འབྲུ་དང་། སྨན་ཐམས་ཅད་ཀྱིས་ཡོངས་སུ་བཀང་ལ། བཅོམ་ལྡན་འདས་ཀྱི་མདུན་དུ་བརྒྱད་བརྒྱ་བཟླའོ།། ཨོཾ་ཨ




iiif viewer powered by OpenSeadragon

36a - 37a

Texts on this page

Ty073-001 - 'phags pa rdo rje sa 'og gi rgyud kyi rgyal po zhes bya ba