e-texts navigator
Collection
Volume
Page
Wylie

36a1 གདོན་པར་བྱ།། དེ་ལྟར་དུ་བ་འབྱུང་བ་ན།། རླུང་གི་འཁྲུལ་འཁོར་གྱིས་བྱས་ཡིན།། གེ་སར་རྒྱུ་སྤོས་རུ་རྟ་དང་།། པུན་རན་པ་ཁྱབ་འཇུག་གནོན།། དེ་དག་རྣམས་ལས
36a2 བདུག་པ་བྱ།། རླུང་གི་འཁྲུལ་འཁོར་ཟློག་པར་འགྱུར།། འདི་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བཀའ་སྩལ་ཏོ།། འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས། འཁྲུལ་འཁོར་འཇོམས་པ
36a3 རྒྱལ་བ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་གཉིས་པའོ།། །། དེ་ནས་རྡོ་རྗེ་ཁྲོ་བོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཉིད་ཀྱིས་རྣམ་པར་རྒྱལ་བ
36a4 རྡོ་རྗེའི་རྒྱུད་ཆེན་པོ་བཀའ་སྩལ་ལགས་ན། བདག་ཀྱང་རིག་པ་འཛིན་པ་རྣམས་ལ་སྨིན་པའི་སླད་དུ་བཤད་པས་བཅོམ་ལྡན་འདས་ལ་ཞུའོ།། བཅོམ་ལྡན་འདས་རིག་པ་འཛིན་པ་ཇི་ལྟར་གནས
36a5 པར་བགྱི། ཇི་ལྟར་རིག་པ་བསྒྲུབ་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གསང་བ་པའི་བདག་པོས། རྡོ་རྗེ་ཁྲོ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རྡོ་རྗེ་ཁྲོ་དོ།
36a6 ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་རིག་པ་འཛིན་པ་འགྲུབ་པའི་རྒྱུ་དྲིས་པ་ལེགས་སོ་ལེགས་སོ།། རིག་པ་འཛིན་པས་ཇི་ལྟར་རིག་པ་སྒྲུབ་པ་རྡོ་རྗེ་ཁྲོ་བཞིན་ཅིག། དེ་ལ
36a7 ནིག་དང་པོར་རིག་པ་འཛིན་པས་བསླབ་པའི་གནས་ལྔ་ཡོངས་སུ་བཟུང་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་དེ། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པ་དང་། དགའ་བ་ཆེན་པོ་དང




iiif viewer powered by OpenSeadragon

35b - 36b

Texts on this page

Ty073-001 - 'phags pa rdo rje sa 'og gi rgyud kyi rgyal po zhes bya ba