| | e-texts navigator
|
35b1 རྙེད་དཀའ་མིན།། རལ་གྲི་འཁོར་ཡང་བྱུག་གུ་སོགས། འདལ་ཨ་ཛ་གར་དང་། གསང་བའི་མཚམས་ཀྱི་སྒོ་གླེགས་དང་།། ཟང་བའི་འཕྲེང་བ་དེ་བཞིན་དུ།། དྲུག་པའི་སྐེ་དང་ག་རྒྱངས
35b2 ཚར་གཅོད་པར་གླང་གྱུར་པ།། ཕྱི་རོལ་དུ་ན་ཆོག་དེས།། ཇི་ལྟར་འཇོམས་པ་དེ་བཞིན་བསྟན།། ཁྲོས་པས་མཆེ་བས་མཆུ་བསྣན་ཏེ།། ས་འོག་བཟླས་པས་བསྐྲུན་པར་བྱ།། ལྗོན་པར་འཇུག་པ
35b3 འཁྲུལ་འཁོར་ནི།། དེ་ནི་འོག་གི་འཁྲུལ་འཁོར་བཤད།། དཔལ་གྱི་སྒོ་ནི་གང་ཚེ་མཐོང་།། བཟང་ཡང་མཚན་ཉིད་ཉམས་པ་དང་།། སྲ་བའི་མཚམས་དང་སྤྲས་པ་དང་།། རི་མོ་ཡིས་ནི་ཡོངས་བྲེས
35b4 པབདེ་ལ་ས་གའི་ཆོ་ག་ཡིས།། ལག་པ་སྟེང་དུ་བྱས་ནས་སུ།། རྡོལ་བརྒྱད་བརྒྱ་བཟླས་ནས་ཀྱང་།། མཚམས་ལ་དྲག་ཏུ་བརྡེག་པར་བྱ།། བསྣུན་པ་ཙམ་གྱིས་འཁྲུལ་འཁོར་དེ།། གདོན་མི་ཟབ།
35b5 མཐོང་བར་འགྱུར།། བྱ་རོག་མཆུ་དང་དབྱུག་གུ་དང་།། ཐོབ་འཆིང་བའང་དེ་བཞིན་ཏེ།། རུས་སཱལ་ཕྱག་རྒྱའི་ཆོ་ག་ཡིས།། གཡས་ལས་གཞན་པོས་རེག་པར་བྱ།། ཐར་བུ་བཅིང་བར་བྱས་ནས་སུ།
35b6 བྱ་རོགམ་ཆུལ་གཟེར་བར་བྱ།། གཡོན་བརྐྱང་བའམ་མཉམ་པ་ཡིས།། གཡས་པ་ཡིས་ནི་འསྐོར་རོ།། འཕྲུལ་འཁོར་གྱིས་མཚམས་རྙེད་འགྱུར།། དེ་ནི་མྱུར་བས་གདོན་པར་བྱ།། དེ་ནས་པུས
35b7 མོག་པས་བསྐུམས་ཏེ།། ནང་པ་གཡོན་པ་བརྐྱང་བར་བྱ།། ཐབས་ཕུར་བུལ་བསྐྲུན་པས།། མཚམས་ཀྱི་འཁྲུལ་འཁོར་བ་སྤྱོད་པར་འགྱུར།། རྡོ་རྗེ་ཟ་བ་མ་ཐག། གསང་སྔགས་པ་ཟླས་པས
iiif viewer powered by OpenSeadragon
35a - 36a