e-texts navigator
Collection
Volume
Page
Wylie

35a1 པངས་འོས་སནོག་ཏན་གྱི་འཁྲུལ་འཁོར་བསྡམས་པ་ལ་འཚུར་འཕྱར་བས་བསྟན་པར་བྱའོ།། རྔ་རྫས་བསྣུན་པ་ལྟར་འཇིག་པར་འགྱུར་རོ།། ཁྲག་པ་དྷ་རཀྵ
35a2 དང་ཁྭ་དང་ལོ་མ་བརྒྱ་པ་དང་། མཁའ་ལྡིང་བཞད་དང་གཙུག་པུད་དང་། འཁྲུལ་འཁོར་འདི་དག་རབ་གྲགས་པ།། ས་ཆེན་པོ་ལས་བསྡིགས་པ་ཡིས།། ཐེ་ཙོམ་མེད་པར་བསྣུན་པར་བྱ།། རལ་གྲི་མུ་སདྡྷི
35a3 སྒོ་གྲགས།། འཁོར་ལོ་སྦྲུལ་དང་དབྱུག་གུ་དང་།། སྐྱེས་བུ་གཞུ་ཡི་ལག་པ་དང་།། སྤུ་གྲི་ཞགས་པ་འཛིན་པ་དང་།། མངའ་ཆེན་བློ་གྲོས་ལྡན་པས་བསྣུན།། རླུང་གི་འཁྲུལ་འཁོར་མོའི་འཁྲུལ་འཁོར།། བཀྲེས
35a4 དང་གཉིད་དང་འདར་བ་དང་།། མགོ་ནད་དང་ནི་མིག་ནད་ལ།། འཁོར་ལོའི་གུར་གྱིས་བསྣུན་པར་བྱ།། བཞི་པའི་འདོ་ལ་ཆུ་བོའི་རྒྱུན།། དུག་གི་རླུང་དང་མུན་ནག་དང་།། ཆུ་སྲིན་རུས་སྦལ་བྱི་བ་དང་།། སྦལ་པ་སྡིག་པ་དེ
35a5 བཞིན་དུ།། ཀ་ཀ་རུ་ཡིས་གཅོད་པ་ལ།། རྫ་རྔ་རྡུང་བའི་སྐྱེས་བུ་ཡིས།། རྡོ་རྗེ་བསྡིགས་པས་བསྣུན་པར་བྱ།། གར་གྱི་སྦྱོར་བའི་དེ་ཉིད་ཀྱིས།། གཞན་ཡང་འཁྲུལ་འཁོར་དུ་མ་ནི།། རླུང་དང་མེ་རུ་རབ་གྲགས་པ།།
35a6 ས་དང་ཆུ་ཡི་ཟུག་རྔུ་དང་།། ནམ་མཁའ་དྲུག་དང་ལྷན་ཅིག་པ།། ཐམས་ཅད་རྐང་འོག་རྡོ་རྗེ་ཡིས།། གར་གྱི་སྦྱོར་བས་བསྣུན་པ་བྱ།། རྡོ་རྗེ་བསྡིགས་པའི་སྦྱོར་བ་ཡིས།། རྡོ་རྗེ་ཁུ་ཚུར་གྱིས་ནི་བསྣུན།། བསྣུན་པ
35a7 འཁྲུལ་འཁོར་ཐམས་ཅད་ནི།། གདོན་མི་ཟ་བར་ལྟུང་བར་འགྱུར།། ཉི་མ་དང་ནི་རྡོར་འཛིན་ཡང་།། དཔལ་ལྡན་གྱིས་བསྣུན་གཡོ་འགྱུར་ན།། ཕལ་པའི་འཁྲུལ་འཁོར་སྤོས་ཅི་དགོས།། ལྷ་མིན་དུམ




iiif viewer powered by OpenSeadragon

34b - 35b

Texts on this page

Ty073-001 - 'phags pa rdo rje sa 'og gi rgyud kyi rgyal po zhes bya ba