| | e-texts navigator
|
34b1 ཅ་ག་པའ་བན་པར་བྱའོ།། དདུས་རྒྱུ་དང་། བདུད་པན་དང་། མགཞན་དང་། རྩུབ་པ་འ་རྣམ་ལ་ལགས་པ་ར་ནའབྱེད་བར་གྱུར་པ་པསྨྲས་མ་ཀྱིསགས་པར་མ་འགྱུར་རོ།། སྐུང་བ།
34b2 བྱེད་དོ།། ཆུ་རྒྱུན་སེམས་པར་འགྱུར་རོ།། འཁྲུལ་འཁོར་ཐམས་ཅད་ལྟུང་བར་འགྱུར་རོ།། སྡིག་པ་ཐམས་ཅད་བྲལ་བར་འགྱུར་རོ།། མྱུར་དང་འབྲས་པོས་ཀྱི་སྦྱིན་སྲེག་གིས་ཞི་བར་བྱེད་དོ།། མར་དང་འོ་མའི
34b3 སྦྱིན་སྲེག་གིས་སྟོབས་འབེལ་བར་བྱེད་དོ།། མར་དང་ཏན་དུ་ལའི་སྦྱིན་སྲེག་གིས་ནང་ཆེན་པོ་ཞི་བར་བྱེད་དོ།། དྲུག་དང་ཁྲག་གི་སྦྱིན་སྲེག་གིས་ལོག་པར་འདྲེན་པ་རྣམས་གསོད་པར་བྱེད་དོ།། ནིམ་པའི་ལོ་མའི་སྦྱིན
34b4 སྲེག་གིས་སྐྲོད་པར་བྱེད་དོ།། བྱི་བའི་སྤུ་དང་རང་གི་ཁྲག་བསྲེས་པའི་སྦྱིན་སྲེག་གིས་ལྷ་མ་ཡིན་ཆེན་པོའི་བུ་མོ་འགུགས་པར་བྱེད་དོ།། སྨེ་མོའི་སྤུའི་སྦྱིན་སྲེག་གིས་ཀླུ་རྣམས་འགུགས་པར་བྱེད་དོ།། འདིའི་ཚེ
34b5 གས་རྟོག་པ་གཞན་དུ་བཤད་པ་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ།། འདི་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བཀའ་སྩལ་ཏོ།། འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས། ཐམས་ཅད་སྒྲུབ
34b6 བར་བྱེད་པའི་ལའུ་སྟེ་ཉི་ཤུ་གཅིག་པའོ།། དེ་ནས་འཁྲུལ་འཁོར་འཇོམས་པར་བྱེད་པ་རྒྱལ་བའི་རིམ་པར་ཕྱེ་བར་གྱུར་པ་ནི། སེང་གེ་དང་། སྟག་དང་། ཟང་པོའི
34b7 དབང་པོ་དང་ས་ཏ་དང་། ཁྱུ་མཆོག་དང་ལུག་དང་། བས་རུ་དང་། རིམ་དང་། སྤྲེའུ་དང་། པགང་།། མ་ཧེ་དང་། རིདགས་ཏེ། འཕྲུལ་འཁོར་བཅུ་གཅིག་སྤྲུལ་པ་ལགས་པར་གྱུར
iiif viewer powered by OpenSeadragon
34a - 35a