e-texts navigator
Collection
Volume
Page
Wylie

243b1 སྐད་དུ། ཨཱརྱ་ཛམྦྷ་ལ་ཤྲཱི་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་གནོད་འཛིན་དཔལ་ཞེས་བྱ་བའི་གཟུངས། གནོད་སྦྱིན་གྱི་རྒྱལ་པོ་གནོད་འཛིན་དཔལ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི
243b2 དུས་གཅིག་ན། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལྕང་ལོ་ཅན་གྱི་གནས་དམ་པ་ན་འཁོར་གནོད་སྦྱིན་དུ་མས་བསྐོར་ཏེ་བཞུགས་སོ།། དེའི་ཚེ་གནོད་སྦྱིན་གྱི་རྒྱལ་པོ་གནོད་འཛིན་དཔལ་ལ། གསང
243b3 བའི་བདག་པོས་བཀའ་སྩལ་པ། སེམས་ཅན་དབུལ་ཞིང་སྡུག་བསྔལ་བ་དེ་དག་ཞི་བའི་ཕྱིར་རང་གི་སྲོག་གི་སྙིང་པོ་དང་རིག་སྔགས་ཁྱོད་ཀྱིས་སྟོན་ཅིག། ངས་ཀྱང་བྱིན་གྱིས་བརླབ་པར་བྱའོ།། དེ་ནས
243b4 གནོད་འཛིན་དཔལ་གྱིས་གསོལ་པ། གསང་བའི་བདག་པོ་བཅོམ་ལྡན་འདས།། སེམས་ཅན་སྡུག་བསྔལ་ཞི་བའི་ཕྱིར།། རིག་སྔགས་བདག་གིས་བསྟན་པར་བགྱི།། སྡུག་བསྔལ་སྤོང་ཞིང་བདེ་བ་ཐོབ།
243b5 ཚོགས་ཆེན་གཉིས་ནི་རྫོགས་འདོད་པས།། རང་ལུས་སྲུང་ཞིང་རིག་སྔགས་འདི།། བཟླས་ཤིང་ཡོངས་སུ་གཟུང་བར་བྱ།། ན་མ་ཨཱརྱ་ཛམྦྷ་ལ། མ་ཧཱ་ཛེམྦྷ་ལ། ཏདྱ་ཐཱ། ར་ར་ར་ར། ཀུ་ནུ་ཀུ་ནུ། ཁུན
243b6 ཁུ་ནུ། གུ་ནུ་གུ་ནུ། ས་པ་ས་པ། ཀ་ར་ཀ་ར། མ་ཧཱ་བཱི་ར་རཾ། མ་ཧཱ་ཀར་དོ།། མ་ར་ཥ། ཧ་ར་ཥ། དུ་མ་སརྦ་སཏྭཱ་ནཱཙྪ་སྭཱ་ཧཱ། བཅོམ་ལྡན་འདས་གསང་བའི་བདག་པོ་སྔགས་འདི་འདོན་པར་སྐུད་པ་སྔོན
243b7 པོ་ལ་ལན་བདུན་དུ་སྔགས་ཀྱིས་བཏབ་སྟེ། ལན་རེ་མདུད་པ་རེ་བོར་ནས་དཔུང་པ་ལ་བཅིངས་ན་གནོད་པ་མེད་ཅིང་དགོས་པ་འགྲུབ་པར་འགྱུར་ལགས་སོ།། ཀུ་གུལ་ཙན་དན་དུ་རུ་ཀ། ཀ་ཏ་ར་དང་སྦྱར




iiif viewer powered by OpenSeadragon

243a - 244a

Texts on this page

Ty073-023 - 'phags pa gnod 'dzin dpal zhes bya ba'i gzungs