e-texts navigator
Collection
Volume
Page
Wylie

242a1 དབང་ལྡན་དང་། ཙན་དན་དང་། འདོད་པའི་གཙོ་བོ་སྟེ། ཤར་ཕྱོགས་ན་གནས་སོ།། མགྲིན་ངན་དང་། མགུལ་ངེས་དང་། བ་ཌི་དང་། ནོར་བུ་དང་། ནོར་སྤྱོད་དང་། སླ་རབ་དང་། ཤེ་ལྔ་འོ
242a2 དང་། རི་མཉམ་སྟེ། ལྷོ་ཕྱོགས་ན་གནས་པའོ།། སར་ཅན་དང་། གང་པོ་དང་། སེང་ལྡེང་དང་། གཡོན་ཕྱོགས་ལྷ་དང་། བགྲང་སྐྱོང་དང་། འབྲོག་གནས་དང་། མིའི་རྒྱལ་པོ་དང་། རྒྱལ་བའི་ལྷ
242a3 མཆོག་སྟེ། ནུབ་ཕྱོགས་ན་གནས་པའོ།། ཚིག་ལྔ་སེར་པོ་དང་། བཞིན་བཟང་དང་། རིང་པོ་དང་། དྲི་ཟ་སྣ་ཚོགས་སྡེ་འབྲས་བུ་གསུམ་པ་དང་། མགུལ་གསུམ་པ་དང་། ལྕགས་མདུང་རིང
242a4 པོ་དང་། ལྷ་ལས་བྱུང་བའི་མ་ལྡན་ཏེ། བྱང་ཕྱོགས་ན་གནས་པའོ།། དེ་དག་ནི་ས་གའི་རིགས་ཏེ། ངལ་བསོ་བ་པོ་རྒྱལ་པོའི་དམག་དཔོན་ནོ།། སྟོབས་ཆེན་སུམ་ཅུ་རྩ་གཉིས་བསམ་པ་ནི་མདོག་སྡུང
242a5 ནག་གོ་ཆ་དང་བཅས་ཤིང་མདུང་དང་རལ་གྲི་འཛིན་པའོ།། དེའི་ཕྱི་རོལ་དུ་གནོད་སྦྱིན་དང་། ལུས་སྲུལ་པོ་དང་། སྲིན་པོའི་ཚོགས་དཔག་ཏུ་མེད་པ་བསམ་པའོ།། དེ་ལྟར་གནོད་སྦྱིན་གྱི་ཚོགས་ཆེན་པོ
242a6 རྣམས་བསམས་ཏེ་རིག་པའི་སྔགས་བརྗོད་པ་ནི། སངས་རྒྱས་གངྒཱའི་བྱེ་སྙེད་ཀྱིས།། རྗེས་སུ་སྣང་བའི་རིག་པའི་མཆོག། སྔར་མེད་ཕྱིས་ཀྱང་མི་འབྱུང་ལ།། འདི་མ་རྟོགས་པའི་རིག་པ་ནི།། གཞན་དག
242a7 སྙིང་པོ་མེད་གཙེར་མཚུངས།། ཏདྱ་ཐཱ། ཨོཾ་བྷོ་བྷོ་པན་ནཱ་ག་ཨ་དྷི་པ་ཏ་ཡེ། ཕུ་ཕུ་ཧ་ར་ཧ་ར་ནཱ་གཱ་ནཱཾ། ཕུ་པུ་པྲ་ཧ་ར་ནཱ་གཱ་ནཱཾ། ཕུ་པུ་ཚིནྡ་ཚིནྡ། ནཱ་ག་ཧྲི་ད་ཡཱ་ནི། ཕུ་ཕུ་བྷིནྡ་བྷིནྡ་ནཱ་གཱ་དཱ་མ་ནི། བི་སི་མ་མནྟྲ་ནཱ།




iiif viewer powered by OpenSeadragon

241b - 242b

Texts on this page

Ty073-022 - gnod sbyin gyi sde dpon chen po gar mkhan mchog gi brtag pa