| | e-texts navigator
|
217a1 བ་འདུལ་མཛད་པ།། ཐུགས་རྗེའི་བདག་ཉིད་འགྲོ་དོན་མ་ལུས་མཛད།། བདུད་བཞི་འཇོམས་མཛད་དེ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ
217a2 ལྡན་འདས་ལྗང་ལོ་ཅན་གྱི་ཕོ་བྲང་ན་རྒྱལ་པོ་རྣམ་ཐོས་ཀྱི་བུའི་གནས་ན་བཞུགས་ཏེ། གྲངས་མེད་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང
217a3 མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བདུད་། མཐུ་བོ་ཆེ་དང་། ལྷ་ཆེན་པོ་དང་། ནོར་བུ་བཟང་པོ་དང་། གང་བ་བཟང་པོ་དང་། སྟོབས
217a4 ཀྱི་ལྷ་དང་། སྟོབས་ཆེན་པོའི་སྟོབས་དང་། དགའ་བའི་དབང་པོ་དང་། ནག་པོ་ཆེན་པོ་དང་། བེ་ཤྭ་ར་དང་། མ་མོའི་ཚོགས་དང་། གསང་བ་ལ་གནས་པ་དང་། གྲུ་བཞིའི་རི་ལ་གནས་པ་དང་།
217a5 འབོད་སྒྲོགས་དང་། རྣམ་པར་འབོད་སྒྲོགས་དང་། རྣམ་པར་འཇིགས་བྱེད་དང་། རིན་ཆེན་གསང་བ་དང་། རབ་གནས་གསང་བ་དང་། མཐའ་ཡས་གསང་བ་དང་། རབ་མཆོག་མཆེ
217a6 བ་དང་། མཆེ་བ་འཁྱིལ་བ་དང་། མཆེ་བ་རྣོ་བ་དང་། རྔ་མོའི་རྐང་པ་ཅན་དང་། བ་གླང་གི་མགོ་བོ་ཅན་དང་། རྒྱལ་བའི་དྲང་སྲོང་དང་། ཨད་པ་ཀ་དང་། རབ་ཏུ་འཇོམས་པ་དང་། འོད
217a7 བྱེད་དང་། རབ་ཏུ་གཟི་བརྗིད་ལྡན་པ་དང་། ཤིན་ཏུ་འོད་དང་། ཡང་དག་ཤེས་དང་། མིག་བཟང་དང་། རྟོག་འདོད་དང་། གསེར་གྱི་བསྤུ་ཅན་དང་། གསེར་གྱི་སྣ་ཅན་དང་། རྣམ་པར་འཁྱིམ
iiif viewer powered by OpenSeadragon
216b - 217b