e-texts navigator
Collection
Volume
Page
Wylie

163a1 རོ།། གཟུངས་འདི་བྲིས་ལ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་དཀྱིལ་འཁོར་གྱི་གྲཝ་བཞིར་གཟུགས་སོ།། ཞིང་གི་དབུས་སུའང་གཟུགས་སོ།། སྐྱེད་མོས་ཚལ་གྱི་དབུས་སུའང་གཟུགས་སོ།། དེ་བ#
163a2 མ་ཐག་ཏུ་ཕྱོགས་བཞི་ཀུན་ནས་རི་སུལ་ཆེན་པོས་མཚམས་བཅད་པར་འགྱུར་རོ།། ཇི་སྲིད་དུ་ཕུར་བུ་མ་ཕྱུང་བ་དེ་སྲིད་དུ་མཚམས་བཅད་པ་ཆེན་པོར་འགྱུར་རོ།། ལོ་ཏོག་ཐམས་ཅད་དང་། མེ་ཏོག་དང་། འབྲས་བུ་ཐམ།
163a3 ཅད་ལེགས་པར་བསྲུངས་པར་འགྱུར་རོ།། ཟ་ན་འདབ་མ་གཅིག་ཀྱང་བསྐམས་པར་མི་འགྱུར་ན། ཡལ་ག་དང་སྡོང་དུ་བསྐམས་པར་འགྱུར་བ་ལྟ་ཅི་སྨོས། སྲོག་ཆགས་ཀྱི་རིགས་རི་དགས་དང་བྱ་ཐམས་ཅད
163a4 ཀྱང་ཁ་བཅིངས་པར་འགྱུར་རོ།། མ་རུངས་པར་བྱེད་ཀྱང་མི་ནུས་སོ།། གནས་དེར་རླུང་དང་། སྤྲིན་དང་། སེར་བ་དང་། སད་དང་། དུས་མ་ཡིན་པའི་རླུང་གིས་ཀྱང་མ་རུངས་པར་བྱེད་མི་ནུས་སོ།། ཀླུའི་གནོད་པ་བྱས
163a5 ཀྱང་མ་རུངས་པར་བྱེད་མི་ནུས་སོ།། མ་རུངས་པ་ཞིག་ཏུ་གྱུར་ན་དེའང་སླར་རྟས་པར་འགྱུར་རོ།། ཡང་སྟོབས་དང་། རྟས་པ་དང་། འོངས་ཡོད་པར་འགྱུར་རོ།། བུམ་པ་ཆེན་པོའི་ནང་ན་ཡོད་པ་དེའང་ཞིང་དང་། ཀུན
163a6 དགའ་ར་བ་དང་། སྐྱེད་མོས་ཚལ་གྱི་ཕྱོགས་པ་ནི་ཀུན་ཏུ་གཏོར་བར་བྱས་ན་སྲོག་ཆགས་ཐམས་ཅད་མེད་པར་འགྱུར་རོ།། སྦྲུལ་དང་། བྱི་བ་དང་། ནེའུ་ལ་དང་། བྱི་དུར་དང་། དོམ་དང་། སྦལ་པ་དང་། ཤ་སྦྲང་དང་། སྦྲང་བུ་དང་།
163a7 བྱི་བ་དང་། འདབ་ཆགས་རྣམས་མེད་པར་འགྱུར་རོ།། གྲོག་སྦུར་ཐམས་ཅད་མེད་པར་འགྱུར་རོ།། ཐན་ཕྱེ་མ་ལེ་བ་ལ་སོགས་པའང་ནམ་ཡང་མི་འབྱུང་ངོ་།། དྲོད་གཤེར་ལས་སྐྱེས་པ་དང་། རྫུས་ཏེ་སྐྱེས་པ་དང་། སྒོ་ང་ལས




iiif viewer powered by OpenSeadragon

162b - 163b

Texts on this page

Ty073-015 - rdo rje mchu zhes bya ba klu'i dam tshig go