e-texts navigator
Collection
Volume
Page
Wylie

160b1 བོགས་ནས་སྡུག་བསྔལ་ཀྱི་ཚོར་བ་ཆེན་པོར་གྱུར་ཏོ།། ཀླུ་དེའང་ཆེར་འཁྲུགས་ཏེ་ཁྲོས་ནས་སྐད་ཅིག་ཟང་ཅིག་ཡུད་ཙམ་དེ་ལ་ཀླུས་ཁྱབ་པར་བྱེད་པའི་ཤུགས་ཀྱིས་ཆེར་གནོད་ཅིང་རྔུར་འབྱུང་བའི་འོད་ཟེར
160b2 ཚ་བ་རང་གི་ལུས་ལས་བཀྱེ་སྟེ། གནོད་པ་ཆེན་པོས་ཁེབས་པར་བྱས་ནས་བྲམ་ཟེ་དེའི་ཞིང་ཚིག་པར་བྱས་སོ།། དེ་ཡང་ལྕེ་འབབ་པའི་ཆར་གྱི་རྒྱན་ཆེན་པོ་བྲམ་ཟེའི་ལུས་ལ་ཕབ་ནས་བྲམ་ཟེདེ་མགོན་མེད། སྦྱབ
160b3 མེད། དཔུང་གཉེན་མེད་དེ། མེའི་སྦྱིན་སྲེག་བྱེད་པ་བཏང་ནས། དེ་བཅོམ་ལྡན་འདས་ལ་མགོན་དང་། སྐྱབས་དང་། དཔུང་གཉེན་བཙལ་ཏེ་འབྲོས་པར་བསམས་ནས། བཅོམ་ལྡན་འདས་ཀྱི་དྲུང་དུ་བརྒྱགས་ཏེ།
160b4 བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ཏེ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀླུ་ཁྲོ་བོས་བདག་གི་སྲོག་མ་རུངས་པར་འཚལ་ཏེ་སྐྱབས་སུའང་མ
160b5 མཆིས་ན། བཅོམ་ལྡན་འདས་བསྐྱབ་ཏུ་གསོལ། བདེ་བར་གཤེགས་པ་པ་སྐྱབ་ཏུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས། བྲམ་ཟེ་ཆེན་པོ་དེ་དབུགས་ཕྱུང་ནས་འདི་སྐད་ཅེས་བཀའ་སྩལ་ཏོ།། བྲམ་ཟེ་ཆེན་པོ
160b6 མ་འཇིགས་ཤིག་། ངས་ཁྱོད་ཀྱི་མགོན་དང་། སྐྱབས་དང་། དཔུང་གཉེན་བྱའོ་ཞེས་བཀའ་སྩལ་ནས་ཅང་མི་གསུང་བར་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་ལ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས
160b7 འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གཟིགས་སུ་གསོལ། མངོན་སུམ་དུ་གྱུར་བཞིན་དུའང་ཀླུ་མི་བསྲུན་པས་ལོ་ཏོག་མ་རུངས་པར་བགྱིད་ན། བཅོམ་ལྡན་འདས་ཁྱོད་ཡོངས་སུ་མྱ་ངན་ལས་འདས་ཀྱི




iiif viewer powered by OpenSeadragon

160a - 161a

Texts on this page

Ty073-015 - rdo rje mchu zhes bya ba klu'i dam tshig go