| | e-texts navigator
|
159a1 ཕྲག་ནི།། གཅིག་གིས་འཕྲུལ་དུ་རེངས་པར་བྱེད།། སྦྲུལ་ཏ་ནེ་ལུ་ལ་མ་ཧེའིག། བྱ་རོགའུ་ག་ཤ་སྟོང་ཕྲག་གཅིག། སྲེག་པས་བསྒྲུབ་བྱ་འབྱེ་བར་ངེས།། ཕྲ་བོ་འབྲས་བུ་རཤ་ཁྲག
159a2 སྟོང་ཕྲག་གཅིག་གིས་ལྤགས་པར་འགྱུར།། རྔ་མོ་བྱ་རོག་རྒན་མོའི་ཤ། སཱ་ལུ་དམར་ཏིལ་དཀར་པོ་དང་།། ཡུངས་ཀར་སེར་པོ་ལ་སོགས་པ།། སྟོང་དུ་བསྲེགས་པས་སྐྲོད་པར་བྱེད།། འབྲུ་ལྔ་སྤད་འཚོང་།
159a3 རང་བྱུང་གིས།། ནམ་བྱེད་ནུབ་ཏུ་ཁ་བལྟས་དབྱུག། མེ་ཏོག་པདྨ་དང་བཅས་པའི།། ཁ་དོག་དམར་དང་ལྡན་པ་ཡིས།། འོད་ཟེར་དམར་ལྡན་སྟོང་ཕྲག་གིས།། ངེས་པར་དགུག་དང་དབང་དུ་འགྱུར།། ཏིལ
159a4 བཅས་མར་གྱི་སྦྱིན་སྲེག་ནི།། སྟོང་ཕྲག་བྱས་ན་སྡིག་པ་འབྱང་།། མར་དང་དུར་བ་ཙན་དན་བཅས།། སྦྱིན་སྲེག་སྟོང་གིས་ཚེ་འཕེལ་འགྱུར།། ཀུ་ཤ་བྱང་ཆུབ་ཤིང་འབྲས་བུ།། ཡུངས་ཀར་དཀར་པོ་ལན
159a5 ཚྭ་ཡི།། སྟོང་པསྲེགས་འགོ་བའི་ནད་རྣམས་འཆད།། ཡུངས་ཀར་ཤ་ཆེན་ཕྱེ་མ་དང་།། དུར་ཁྲོད་ཐལ་བ་དུག་སྣ་ཚོགས།། ཁྲོ་ཆུ་ཕྱེ་མའི་སྦྱིན་སྲེག་སྟོང་།། ཁྲོས་པས་བྱས་ན་ལྷ་ཚོགས་འཇིག། ཨུཏྤ
159a6 དམར་དང་ཡང་ན་དཀར།། གུར་ཀུམ་བཟང་པོའི་སྦྱིན་སྲེག་ནི།། སྟོང་རྩ་བརྒྱད་ཙམ་བསྲེགས་བྱས་པས།། རིགས་ལྡན་བུ་མོ་དབང་དུ་འགྱུར།། ཨ་རུ་ར་དང་ཡུངས་ཀར་དང་།། བ་ཡི་འོ་མ་སྟོང་བསྲེགས་ན།
159a7 རྣམ་ཐོས་རྒྱལ་པོའི་གཏེར་ཙམ་གྱི།། ལོངས་སྤྱོད་ཆེན་པོ་འཐོབ་བྱེད་ཅིང་།། ཨོཾ་རཀྵ་རཀྵཾ་ཀུ་རུ་ཧཾ། སྲུང་བའི་སྔགས་སོ།། ཨོཾ་ཤཱནྟི་ཀུ་རུ་ཨོཾ། ཐམས་ཅད་དུ་ཞི་བའི་སྔགས་སོ།། ཧ་ཝ་ཤ་ཀུ་རུ་ཧཱ།
iiif viewer powered by OpenSeadragon
158b - 159b