| | e-texts navigator
|
157b1 ཞབས།། མགོ་བོ་ལྷོར་བསྟན་གཞག་པར་བྱ།། ཆུ་ཤེལ་མ་མཐོང་བར་དུ་ནི།། ཉི་ཤུ་རྩ་གཅིག་སྔགས་བརྗོད་ནས།། མི་ཡི་རྡོ་རྗེའི་ངར་གྱིས་བརྒྱན།། སྡང་བྱེད་ས་སྟེང་འདིར་མི་གནས།། ཀླུ་ཡི་གནས་སུ་གྲགས་པ།
157b2 འམ། ཆུ་ཡི་རྫིང་ལ་སོགས་འགྲམ་དུ།། དཀྱིལ་འཁོར་བ་ཡི་རྣམ་ལྔས་བྱུག། པདྨ་དམར་པོའི་རི་མོ་ལ།། ལྟེ་བ་རྡོ་རྗེ་མཁའ་འགྲོ་མ།། གསེར་གྱི་མདོག་ཅན་ཐལ་མོ་སྦྱར།། ཀླུ་ཡི་གདེངས་ཀ་བདུན་ལྡན་པ།
157b3 ཟླ་བའི་དཀྱིལ་འཁོར་སྟེང་གནས་པ།། ཤིན་ཏུ་བལྟས་པས་གནས་པར་བྱ།། དགའ་བོ་ཉེ་དགའ་འཇོག་པོ་དང་།། མཐའ་ཡས་དུང་སྐྱོང་རིགས་ལྡན་གཟུགས།། པདྨ་པད་ཆེན་རྣམས་བྱས་ཏེ།། དཀར་པོ་སེར་དང་།
157b4 ལྡང་བ་དང་། དམར་དང་ལྡང་སྐྱ་སྔོ་སྐྱ་དང་།། དམར་སེར་ལྗང་སེར་འཛུམ་པའི་གཟུགས།། གཅོལ་ཐལ་མོ་སྦྱར་བཏུད་ནས།། རྒྱུ་སྐར་འཕྲེང་བ་དང་ལྡན་གཟུགས།། འོ་མ་འབྲས་ཆན་མཁལ་ཞོ་ཤ།། པུས
157b5 ཀ་ཙ་ཏི་ལ་སོགས་སྨན།། འཁུར་བ་ཚེགས་བུ་དང་བཅས་པ།། རིན་ཆེན་སྣོད་དུ་དགྲམ་པར་བྱ།། གཟའ་དང་རྒྱུ་སྐར་རྣམས་དགའ་ཞིང་།། ཀླུ་རྣམས་བདེ་བའི་སེམས་ཐོབ་ཤོག། ལྷ་རྣམས་ཡིད་ནི་མཉམ་བཞག
157b6 ནས།། སྙིང་རྗེའི་བློ་ཆེན་སྐྱེ་བར་ཤོག། ལྷ་ཀླུ་གནོད་སྦྱིན་དྲི་ཟ་སོགས།། བྱང་ཆུབ་སེམས་ཆེན་དང་ལྡན་ནས།། ཐུགས་རྗེ་ཉེ་བར་དགོངས་ནས་ཀྱང་།། དུས་སུ་ཆར་ཆེན་འབེབས་པར་ཤོག། སྨོན་ལམ་དེ་ཡི་རྗེས་སུ་ནི།།
157b7 གཟུངས་ཀྱི་འཕྲེང་བ་བརྒྱ་རྩ་བརྒྱད།། བརྗོད་པའི་དེ་མ་ཐག་ཏུ་ནི།། ཆར་གྱི་རྒྱུན་ཡང་འབབ་པར་འགྱུར།། གལ་ཏེ་ཅུང་ཟད་མི་འབེབས་ན།། མེ་ལ་བསྡིགས་པ་ཙམ་གྱིས་ནི།། གློག་གི་འཕྲེང་བ་གཏོར་བྱེད་ན།
iiif viewer powered by OpenSeadragon
157a - 158a