| | e-texts navigator
|
157a1 པ་ཐུགས།། གཅེར་བུ་རྣལ་འབྱོར་སྐ་བཤིག་ནས།། ལྷ་ཡི་སྦྱོར་ལྡན་ལྷོར་བལྟས་ནས།། ཞབས་ཀྱིས་ཐོད་པའི་འཁོར་ལོ་ནི།། མནན་ཏེ་སྔགས་འཕྲེང་བརྗོད་པར་བྱ།། ཁྲོ་བོ
157a2 ཆེན་པོའི་སྦྱོར་བ་ཡིས།། མཉམ་བཞག་ནས་ནི་སྟོང་ཕྲག་ཏུ།། བཟླས་པ་མཚན་བྱེད་པར་བྱས་ན།། གསད་པ་ཉིད་ལ་ཐེ་ཙོམ་མེད།། དུར་ཁྲོད་རས་ལ་འཁོར་ལོ་ནི།། དབུས་སུ་མེ་ཡི་དཀྱིལ་འཁོར་ཅན།
157a3 རྩིབས་བརྒྱད་མུ་ཁྱུད་གསུམ་ལྡན་པ།། དབུས་སུ་སྙིང་པོ་སྔགས་རྣམས་ལ།། ཧཱུཾ་གཉིས་བར་དུ་བསྒྲུབ་བྱའི་མིང་།། གསད་པ་ཉིད་དང་ལྡན་པར་བྱ།། མུ་ཁྱད་གཉིས་པ་འཕྲེང་སྔགས་ཀྱང་།། མིང་དང
157a4 གསད་པར་ལྡན་པའོ།། གསུམ་པ་ཁྲོ་བོའི་སྔགས་བྲིས་ཏེ།། འཁོར་ལོ་མཆོད་ཅིང་བྱིན་བརླབས་ནས།། དགྲ་གཟུགས་སོར་བརྒྱད་སྙིང་ཁར་གཞུག། དེ་ཉིད་ཏིལ་མར་གྱིས་བྱུགས་ཏེ།། ཐོད་པ་གཉིས་ཀྱི
157a5 འཁོར་ལོ་ཡི།། བར་དུ་བཅུག་ནས་མེ་སྟེང་གཞག། སེང་ལྗང་ཕུར་པ་སོར་བརྒྱད་པ།། མཉམ་གཞག་སྦྱོར་བས་སྔགས་དེ་གདབ།། གསད་པའི་སྦྱོར་བ་འདི་ཉིད་ཀྱིས།། ཤི་བར་འགྱུར་ལ་གཞན་དུ་མིན།། ཡང
157a6 ན་བྱང་ཆུབ་ཡན་ལག་ལས།། དུར་ཁྲོད་ཁྲག་གིས་འཁོར་ལོ་བྲི།། གྲུ་གསུམ་བརྩེགས་པའི་གཟུགས་བྲིས་ཏེ།། དབུས་སུ་དགྲ་མིང་གསང་སྔགས་བཅས།། རྩིབས་ལ་བཅུ་གཉིས་བར་དུ་ནི།། མིང་དང་གསད
157a7 པ་བཅས་པ་བྲི།། སུ་ཁྱུད་དང་པོའི་སྔགས་འཕྲེང་ཡང་།། རྒྱས་པའི་ཡན་ལག་ལྡན་པར་བྲི།། སྤྲ་ཚོལ་གཟུགས་བརྙན་སོར་བརྒྱད་པའི།། སྙིང་ཁར་བཅུ་གནས་སྒྲ་ཡིས་དཀྲི།། རྣལ་འབྱོར་པ་ཡིས་ཉལ་བ
iiif viewer powered by OpenSeadragon
156b - 157b