| | e-texts navigator
|
152b1 བར་དུ་ལུས་འདིས་ཅིམ་བྱས།། ད་ནི་སྲིད་པའི་རླུང་རྟོགས་ནས།། རང་གི་ལུས་འདི་དབུལ་བར་བགྱི།། ཐེག་ཆེན་ཐན་མེད་པ་ཡི།། ལམ་ཆེན་རྒྱ་མཚོ་གང་ཡིན་པ།། ཐེག་ཆེན་འབྲས་བུ་ཐོབ་བར་དུ།། རྒྱུན་མི་འམ།
152b2 པར་བསྟེན་པར་བྱ།། དེ་ལྟར་དང་སེམས་འདུན་བྱས་ཏེ།། བསོད་ནམས་རྒྱ་ཆེན་རྣམས་བསགས་པའི།། དགེ་བ་བླ་ན་མེད་པ་དེས།། ཐམས་ཅད་བྱང་ཆུབ་ཕྱིར་བསྔོའོ།། དང་པོ་བྱམས་པའི་འོད་ཟེར་གྱིས།། འགྲོ
152b3 རྣམས་བདེ་ལ་དགོད་པར་བྱ།། གཉིས་པ་སྙིང་རྗེའི་འོད་ཟེར་གྱིས།། འགྲོ་བ་སྡུག་བསྔལ་འབྲལ་སེམས་བསྐྱེད།། གསུམ་པ་དགའ་བས་བདེ་བ་ཐོབ།། བཞི་པ་ཆགས་བྲལ་བཏང་སྙོམས་སོ།། དེ་རྗེས་རགས་པའི་སྔོབ
152b4 སྤོང་ཞིང་།། བག་ཆགས་དྲི་མ་བསལ་ནས་ཀྱང་།། ནམ་མཁའ་ལྟ་བུར་སྒྲུབ་བྱེད་པའི།། དེ་ནས་དག་པ་རྗེས་དྲན་བྱ།། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ&ཧ~ཾ། དེ་ཡིས་དག་པར་བྱས་ནས་ནི།། སྟོང་ཉིད།
152b5 རྗེས་སུ་བསྒོམ་པར་བྱ།། ཨོཾ་ཤཱུན་ཏཱ་ཛྙཱ་ནཱ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀ&ཧཾ། དངོས་པ་ཐམས་ཅད་མ་ལུས་པར།། ནམ་མཁའ་ལྟ་བུར་བསྒྲུ་པར་བྱ།། དེ་རི་ནིར་སྐྱེས་ཉིད་ཀྱིལ་འཁོར།། དམར་པོ་འོད་ཟེར་འཁྲིགས
152b6 པ་སྒོམ།། དེ་དབུས་ཧཱུཾ་ཡིག་སྔོན་པ་ཡི།། འོད་ཀྱིས་འགྲོ་བའི་བདུད་བསས་ཏེ།། སླར་ཡང་ལི་གེ་ལ་གཟུག་པར།། རྡོ་རྗེ་ཁྲོམ་ཡོངས་སུ་རྫོགས།། ཞས་གསུམ་ཕྱག་དྲུག་མེ་དཔུང་བཞུགས།། ཐུགས་ཀར།
152b7 ཉི་མར་ལྡན་པསམ།། འོད་ཀྱིས་སྲུང་བའི་འཁོརས་བྱ།། ཤར་དུ་རི་རྗེ་ལྷོར་དབྱུག་པ།། ནུབ་ཏུ་མུམ་བྱང་དུ་མ་ངག། བྱ་བར་ཚེ་གསུམ་ཤར་སྙམ།། ལྷོར་བར་ས་མི་ནུ་བྱང་དྲུང་།། འོག་ཏུ་སྣ་ཚོགས་རྡོརྗེ
iiif viewer powered by OpenSeadragon
152a - 153a