| | e-texts navigator
|
152a1 ཀྱི་རྟོག་པ་ལས། གསང་སྔགས་བསྟེན་པའི་ལའུ་སྟེ་དང་པོའོ།། ། དེ་ནས་འདིར་ནི་བ་ཤད་བྱ་བ།། མཛེས་མ་རྡོ་རྫ་རྣམ་ས།། མ་ཏིང་འཛིན་གྱུར་ནམ།
152a2 ཐིག་ལེ་ཆེན་མོས་མཉན་པར་གྱིས།། ཨོཾ་བཛྲ་ཤྲི་ཁཱ་ལེ། ཨཱཏྨ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། གསང་སྔགས་འདི་ནི་བསྲུང་བ་དང་།། ཐ་མ་ལ་རྟོག་པའི་ལུས་སྦྱོང་བྱེད།། སྙིང་ཁར་ཟླ་སྟེང་ཧཱུཾ་ཡིག་གི། འོད་ཀྱིས་རིགས
152a3 ཀྱི་གཙོ་མོ་དང་།། བླ་མ་སངས་རྒྱས་སྤྱན་དྲངས་ནས།། མདུན་དུ་ལེགས་པར་དེ་མིག་ནས་ནི།། སྙིང་ཁ་ས་བོན་འོད་རྩེ་ལས།། མེ་ཏོག་སོགས་འཛིན་ལྷ་མོས་མཆོད།། གཟུགས་སོགས་རྡོ་རྗེ་མ་རྣམས་ཀྱིས།། འདུད
152a4 ཅིང་སོ་སོར་ལེགས་པར་མཆོད།། ཐོག་མ་མེད་པའི་སྲིད་བརྒྱུད་ནས།། ལུས་ངག་ཡིད་ཀྱིས་སྤྱད་པ་ཡི།། སྡིག་པའི་ཚོགས་རྣམས་མ་ལུས་ཀུན།། བགྱིས་དང་བགྱིད་དུ་སྩལ་བ་དང་།། བགྱིད་ལ་རྗེས་སུ་ཡི་རང་བ།
152a5 སྡིག་པའི་ཚོགས་རྣམས་མ་ལུས་ཀུན།། ཐམས་ཅད་སོ་སོར་བཤགས་པར་བགྱི།། སླན་ཆད་མི་བགྱིད་སྡོམ་པ་ཡང་།། རྒྱ་ཆེན་བདག་གིས་གཟུང་བར་བྱ།། རྒྱལ་བ་སྲས་བཅས་མཛད་པ་དང་།། འགྲོ་བའི
152a6 དགེས་རྗེས་ཡི་རང་།། རྒྱལ་དང་བྱང་ཆུབ་སེམས་དཔའ་དང་།། རིགས་ལྡན་རྡོ་རྗེ་ལྷ་མོ་དང་།། སྔགས་ཆུད་རྒྱ་ཆེན་འཁོར་ལལ།། གན་ནས་དང་བས་སྦུབས་སུ་མཆི།། མེ་རྟག་ཟླ་གྲོས་བསྐྱེད་པའི་ཕྱིར།
152a7 ཆོས་ཀྱི་འཁོར་ལོ་བསྐོར་བ་དང་།། གདུལ་བྱ་ཇི་སྲིད་ཚིམ་པ་རུ།། མྱ་ངན་མི་འདའ་གསོལ་བ་འདེབས།། རྣམ་པ་ཀུན་གྱི་མཆོག་ལྡན་པའི།། བྱང་ཆུབ་སེམས་ནི་བསྐྱེད་པར་བྱ།། གདོད་ནས་ཇི་སྲིད་ད་ལྟར
iiif viewer powered by OpenSeadragon
151b - 152b