e-texts navigator
Collection
Volume
Page
Wylie

151a1 འོད་ཟེར་གྱིས།། ཕོག་པའི་སྐད་ཅིག་དེ་མ་ཐག། དྲན་པ་སར་རྙེད་ག་ཟི་མདངས་སྐྱེས།། དེ་ནས་བསྟོད་པའི་རྒྱལ་པོས་བསྟོད།། ཨེ་མའི་བདེ་བ་ཆེ་མཆོག་དཔལ་ཉིད་ལས།། རྒྱས་པ།
151a2 སྟོབས་སྐྱེས་བཀྲ་ཤིས་ཀྱི།། ལྷ་མོས་ཧཱུཾ་བརྗོད་ཙམ་ཉིད་ལས།། ནམ་མཁའི་ཁམས་སུ་གྲགས་པར་འགྱུར།། བདེ་ཆེན་ཡེ་ཤེས་མངའ་བདག་ཉིད།། རྡོ་རྗེ་ཞེས་པའི་མཚན་ལྡན་པའི།། ལྷ་མོ་ལུ་གུ་རྒྱུད་མ
151a3 ལ།། བདག་ཅག་རྣམས་ཀྱིས་གུས་པར་འདུད།། སྐུ་ཡི་འོད་ཟེར་སྣ་ཚོགས་ཀྱིས།། འགྲོ་བའི་ཉོན་མོངས་སེལ་བྱེད་པའི།། འོད་ཀྱིས་བདག་ལ་བདེ་བ་སྐྱེས།། ལྷ་མོ་བདེ་བ་ཁྱོད་ཕྱག་འཚལ།། སྟོང་ཉིད་སྨོན་མེད།།
151a4 མཚན་མ་བྲལ།། རྒྱལ་བ་ཀུན་གྱི་རིག་པ་ལས།། ཡ་མཚན་ལྷ་མོའི་རང་བཞིན་ཐུགས།། མི་རྟོག་རང་བཞིན་ཕྱག་འཚལ་ལོ།། དེ་རྗེས་རྒྱལ་བ་ཀུན་འདུས་པའི།། གཟུགས་སོགས་རིག་པའི་ལྷ་མོ་ཡིས།།
151a5 འཁོར་ལོ་འདི་ལ་ལེགས་མཆོད་ནས།། མགྲིན་གཅིག་ཏུ་ནི་འདུས་ནས་སུ།། སངས་རྒྱས་རྣམས་ཀྱིས་གསུངས་པ་ཡི།། རྡོ་རྗེ་ཚིག་གིས་བསྟོད་པར་བྱེད།། རྡོ་རྗེ་ནམ་མཁའ་ལས་བྱུང་བའི།། སངས་རྒྱས།
151a6 ཐམས་ཅད་སྐྱེས་པའི་ཡུམ།། སྤོས་བྲལ་ནམ་མཁའི་རང་བཞིན་གསལ།། རྡོ་རྗེ་ཐུགས་ལ་ཕྱག་འཚལ་ལོ།། རྡོ་རྗེ་གཟུགས་ཀྱི་སྒྲ་ཡིས་ནི།། ལྷ་ཚོགས་མ་ལུས་རྣམ་འཆིང་མཛད།། བདུད་རྣམས་ཚར་གཅོད།
151a7 དེརྗེ་། ག་ནམ་མ་ལའི་གསུང་ས་ཕྱག་འཚལ་བསྟོད།། འགྲ་དྲུག་བདུད་འཇམ་ས་ཞལ་དྲུག་མ།། བྱིནང་རྟན་འབྲེལ་ངག་ཕྱིར་བྱག་། ཞག་ཅིང་ཆུང་བ་འཛགས་པར་བྱེད། ཛ་ཡུལ་ཕྱགའ་ཚལ་སོ།།




iiif viewer powered by OpenSeadragon

150b - 151b

Texts on this page

Ty073-014 - 'phags ma rdo rje lu gu rgyud ma'i rgyud kyi rtog pa