e-texts navigator
Collection
Volume
Page
Wylie

149b1 བརྗོད་པ་ཙམ་གྱིས་སྦྱར་དུ་འགྲུ་།། དད་པ་བརྩོན་འགྲུས་ཀྱིས་བརྒྱན་ཅིང་།། ཁག་ཡོད་སྙིང་རྗེ་ཆེར་ལྡན་པ།། དེས་ནི་ཐམ་མི་སྤོང་ལ།། དཔའ་བརྟུལ་ཤེས་རབ་དེས་པ་ཆེ། འགྲོལ་བྱམས་སེམས་ཆེ་བ་དེས།། སྔགས།
149b2 དང་ཏིང་འཛིན་ཕྱག་རྒྱ་ཚེགས།། བརྩམས་པ་ཙམ་ལ་དངོས་གྲུབ་འབྱུང་།། དད་མེད་ལ་ལོ་རྣམ་འཚེ་ཅན།། བླ་མ་ལ་ནི་མི་གུས་ཤིང་།། ཤེས་རབ་ཞན་ཅིང་སྟོབས་ཆུང་ལ།། ངག་མེད་གཞན་ལ་གནོད་སེམས་བཅས
149b3 དབང་བསྐུར་གནང་བ་མ་ཐོབ་ན།། དེས་ནི་བསྐལ་པ་སྟོང་ཕྲག་ནི།། བྱེ་བ་དུ་མར་བསྒྲུབས་བྱས་ཀྱང་།། འབྲས་བུ་ཡོད་པར་མི་འགྱུར་ཏེ།། དཔེར་ན་བྱིས་པ་བླུན་པོ་འགས།། འབྲས་འདོད་ཕུབ་མ་བརྡུངས་པ་ལ།
149b4 ཤ་ཐང་ཆད་པ་ཉིད་ལས་ནི།། ནམ་ཡང་འབྲས་ཡོད་མི་འགྱུར་རོ།། གསང་སྔགས་རྒྱལ་པོ་རྒྱལ་ཆེན་འདི། བྱིན་རླབས་རྣམ་མང་འབྱུང་བའོ།། དེ་ནས་བཅོམ་ལྡན་བདེ་ཆེན་པོ།། ངེས་པར་འགྲུབ་པ་ཞེས་བྱ་བ།
149b5 ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས།། ཉིད་ཀྱི་སྐུ་དང་གསུང་དང་ཐུགས།། རྡོ་རྗེ་བླ་ན་མེད་པ་ལས།། གསང་སྔགས་རྒྱལ་པོ་འདི་བྱུང་ངོ་།། ན་མོ་བྷ་ག་བ་ཏྱཾ། བཛྲ་ཤྲིཾ་ཁ་ལེ། ཧན་ཧ་ན། ད་ཧ་ད་ཧ། ཙྪིནྡཙྪི་མྦདྷ
149b6 བྷམྦ་མཱ་ར་ཡ་མཱ་ར་ཡ། ཁཱ་ས་ཡ་ཧི་ཏོ།། རཀྟ་ཨཀྵི་བཛྲ་གྷོ་ཎྜེ། ན་མོ་བྷག་ཝ་ཏྱཾ། བཛྲ་ཤྲིཾ་ཁ་ལེ། བུརྡྷ་དི་ཤྭ། བཛྲ་དྲཱ་ཀ་རེ་ཎ་བ~ཾདྷ། ད། རི་གརྦྷ་རྫྫ་པྲཱ་ཀཱ་ར་ཎ་བརྡྷཿ། ང་གྱི་མ་དི་ག་སྫ་ལཱ་པྲཱ་ཀ་ར་ཎ་བ~ཾ་དྷི། ཨུཥྚར།
149b7 ས་ར་པྲཱ་ཀ་ར་ཎ་བསྟྲ། ཨཙྪེ་ཤ་ཨགྣི་པྲཱ་ཀཱ་རི་ཎི་བནྡྷ། ནཻར་ཏུ་ཤ~ཾ་ཁ་ན་པྲཱ་ཀཱ་རེ་ཎ་བནྡྷ། བཱ་ཡ་བྱཱ་དི་ཤ~ཾ་དཱ་ཏ་པཱ་ཀཱ་རེ་ཎ་བནྡྷ། མཱ~ཾ་ཤཱན་དི་ཤཽ་ཏྲི་ཤཱུ་ལ་དྲཱ་ཀཱ་རི་ཎ་བནྡྷཿ། པཱ་ཏཱ་ལ~ཾ་དཾ་ཤ~ཾ་ནཱ་ག་དཱ་ཤེན་བནྡྷ




iiif viewer powered by OpenSeadragon

149a - 150a

Texts on this page

Ty073-014 - 'phags ma rdo rje lu gu rgyud ma'i rgyud kyi rtog pa