| | e-texts navigator
|
92a1 གསོལ་ནས་ཡོན་ཡང་ཕུལ་ཏེ་ལེགས་པར་མཆོད་ནས་ཆེ་གེ་མོ་ཞིག་གི་དགེ་བའི་རྩ་བར་གྱུར་ཅིག། འདི་ཁོ་ནས་བདེ་འགྲོ
92a2 མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་གྱུར་ཅིག་ཅེས་ཀྱང་ཤེས་པར་བྱས་ན།། དེ་ཁོ་ན་བཞིན་དུ་སྐྱེས་ནས་ལུས་ཀྱང་སྟོན་ཅིང་ལེགས་སོ་ཞེས་བྱ་བའང་བྱིན
92a3 ནས་མི་སྣང་བར་གྱུར་ཏོ།། མཚམས་མེད་པ་ལྔ་བྱེད་བྱེད་པའམ།། དམ་པའི་ཆོས་སྤོང་བ་འམ། འཕགས་པ་ལ་སྐུར་པ་བཏབ་པའང་རུང་སྟེ།
92a4 འཆི་ཁར་རྩིག་པ་ལ་གཟུངས་སྔགས་འདི་བྲིས་པ་མཐོང་ན་དེའི་ལས་ཀྱི་སྒྲིབ་པ་ཐམས་ཅུད་ཟད་པར་འགྱུར་ན། འདོན་པ་དང་བཟླས་བརྗོད་བྱས་པ་ལྟ
92a5 ཅི་སྨོས་ཏེ། དེ་བཞིན་གཤེགས་པ་དེ་ཉིད་བྱོན་ནས་འདི་སྐད་དུ། རིགས་ཀྱི་བུ་ཚུར་ངའི་གན་དུ་ཤོག་ཅེས་ཀྱང་གསུང་བར་འགྱུར་རོ།།
92a6 འཕགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་རྔམ་པར་སྦྱོང་བ་ཞེས་བྱ་བའི་གཟུངས་རྫོགས་སོ།། །། ། རྒྱ་གར་སྐད་དུ
92a7 ཨཱརྱ་བིདྱ་ཨུཏྟ་མ་མ་ཧཱ་ཏནྟྲ། བོད་སྐད་དུ། འཕགས་པ་རིག་པ་མཆོག་གི་རྒྱུད་ཆེན་པོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག
iiif viewer powered by OpenSeadragon
91b - 92b