| | e-texts navigator
|
91b1 ཡང་ན་རླུང་གི་སྨོན་ལམ་གྱི་དབང་གིས་སྐྱེ་བར་འགྱུར་རོ།། གང་ཞིག་ཟླ་བ་ཉ་བའི་ཚེ་ཁྲུས་བྱས་ལ་གཙང་མར་བྱས་ཏེ། དུས་གསུམ་དུ་གོས་བརྗེ་རྙིང
91b2 ཁ་ཟས་མི་ཟ་བ་འམ་ཡང་ན་ཁ་ཟས་དཀར་བགྲ་བཟའ་ཞིང་། སྐུ་གདུང་དང་མཆོད་རྟེན་སྐོར་བཞིན་དུ་གང་གི་མིང་དང་ལྡན་པས་ལན་འབུ་མ་བཟླས་བརྗོད
91b3 བྱས་ན། དེ་ངར་སོང་ནས་ཐར་ཏེ་གནས་གཙང་མའི་ལྷའི་རིས་སུ་སྐྱེས་ནས་སྒྲུབ་པ་པོའི་ཐད་དུ་འོངས་ཏེ་མཆོད་པར་བྱེད་ཅིང་ལུས་ཀྱང་སྟོན་ལ་ལེགས་སོ་ཞེས
91b4 བྱ་བའང་བྱིན་ནས་ལན་གསུམ་བསྐོར་བ་བྱས་ཏེ་མི་སྡང་བར་འགྱུར་རོ།། དེའི་མིང་བྲིས་ལ་གཟུངས་སྔགས་བཟླས་བརྗོད་བྱེད་ཅིང་མཆོད་རྟེན
91b5 འིའབུམ་བྱས་ལ། གདུགས་དང་། རྒྱུ་ལ་མཚན་དང་། བྱ་ངན་ལ་སོགས་པས་ལེགས་པར་མཆོད་ནས་རྒྱ་མཚོ་ཆེན་པོ་དང་། ཡང་ན
91b6 ཀླུང་དུ་བཏང་ན་དེས་སེམས་ཅན་དམྱལ་བ་ལ་སོག་པ་ནས་ཐར་པར་འགྱུར་རོ།། ལུང་ན་དེ་ལྟར་མཆོད་པ་བྱས་ནས་མཇུག་ཏུ་ལམ་གྱི་བཞི་མདོར་མཆོད་རྟེན་ཆེན།
91b7 པོ་བྱས་ཏེ། གདུགས་དང་། རྒྱལ་མཚན་དང་། བ་དན་ལ་སོགས་པས་ལེགས་པར་མཆོད་ལ། འཕགས་པའི་དགེ་འདུན་ལའང་མཆོད་སྟོན
iiif viewer powered by OpenSeadragon
91a - 92a