| | e-texts navigator
|
91a1 དང་བཀྲཱ་མི་ཤིས་པ་རྣམས་མེད་པར་འགྱུར་རོ།། ལུས་ལ་འཆང་ངམ་གླེགས་བམ་ལ་བྲིས་ནཱས་མགུལ།
91a2 དུ་ཐོགས་ཏེ་འཆང་ན་དེ་ལ་དུས་མ་ཡིན་པར་འཆི་བ་རྣམས་གཏན་དུ་འབྱུང་བར་མི་འགྱུར་རོ།། གང་ཞིག་སྙིང་རྗེས་ནོན་ཏེ་རི་དགས་དང་ཁྱ་དང་། མི་དང
91a3 མི་མ་ཡིན་པ་རྣམས་ཀྱང་རུང་སྟེ། འཆི་བའི་རྣ་ཁུང་དུ་བརྗོད་ན་དེ་ངན་སོང་དུ་འགྲོ་བར་མི་འགྱུར་རོ།། ཡང་ནུ་ཤི་སྟེ་དུས་ལས་འདས་ན་ཤི་འཕོས་པའི
91a4 མིང་ནས་སྨོས་ཏེ། དེའི་ཕྱིར་བྱམས་པ་དང་སྙིང་རྗེས་ལན་བརྒྱའམ། སྟོང་ངམ། འབུམ་བརྗོད་ན་དེ་སེམས་ཅན་དམྱལ་བར་སྐྱེས་སུ་ཟིན་ཀྱང
91a5 དེའི་མོངྒ་ལ་ཐར་པར་འགྱུར་རོ།། ས་འམ། ཏིལ་ལམ། ཡུངས་ཀར་རམ། ཆུ་གང་ཡང་རུང་བ་ལ་བཟླས་བརྗོད་བྱས་ཏེ
91a6 ཤི་བའི་ལུས་ལ་གཏོར་རམ་ཁྲུས་བྱས་ནས་དེའི་འོག་ཏུ་མ་ཆད་པ་འམ་ཡང་ན་མཆོད་རྟེན་གྱི་ནང་དུ་བཅུག་སྟེ་བཞག་ལ་རིག་སྔགས་ཀྱང་བྲིས་ནས་མགོ
91a7 བཏགས་ན་དེ་ངན་སོང་དུ་སྐྱེས་པའང་ཞག་བདུན་གྱིས་གདོན་མི་ཟ་བར་ཐར་ཏེ། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་བ་འམ
iiif viewer powered by OpenSeadragon
90b - 91b