| | e-texts navigator
|
89a1 ནམ་དགེ་བསྙེན་མ་འམ། དེ་མ་ཡིན་པ་གཞན་ཡང་རུང་སྟེ། གང་གིས་ཤེས་པ་དང་། གང་ལ་ལ་འཆང་བ་དང་། ཀློག་པ་དང་། འདྲི་བ་དང་། འདྲིར་འཇུག།
89a2 པ་དེ་ནི་དབུལ་བོར་ཏེ་ཕྱུག་པོར་འགྱུར་རོ།། དེ་ནས་འབྱུང་པོའི་ཚོགས་ཐམས་ཅད་ཀྱིས་དེ་ལྟར་གྱུར་ཅིག་ཅེས་ཀུན་རས་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དཔལ་ཆེན་མོའི་མཚན་བཅུ་གཉིས
89a3 པོ་བཀའ་སྩལ་བ། འདི་ལྟ་སྟེ། དཔལ་ལྡན་མ། བཀྲ་ཤིས་མ། པདྨའི་འཕྲེང་བ་ཅན། ནོར་གྱི་བདག་མོ་དཀར་མོ། གྲགས་པ་ཆེན་མོ་པདྨའི་སྤྱན་འོད་ཆེན་མ་བྱེད་པ་མོ
89a4 ཟས་སྦྱིན་མརིན་པོ་ཆེ་རབ་ཏུ་སྦྱིན་མ། དཔལ་ཆེན་མོ་སྱཱད?་ཡ་ཐེ་དན། ཛི་ནི། གྲི་ཎི། སརྦ་ཨརྠ་སཱ་དྷ་ནིཤ་ཤི་ནི། ཨ་ལཀྵི་ཎིམེ་ནཱ་ཤ་ཡ་སིད་དྷ་ནུ་མེ་མནྟ་པ་རཱཿསཱ་ཧཱ
89a5 ཨོཾ་བྷྲྀ་ཀུ་ཊཱི་པ་ར་མ་སུ་བྷ་གེ་སྭཱ་ཧཱ། ལན་གསུམ་དུ་བརྗོད་པར་བྱ་སྟེ། གང་ལ་ལ་དུས་གསུམ་དུ་འདོན་པ་དེའི་མི་མཐུན་པའི་ཕྱོགས་ཐམས་ཅད་འཇིག་པར་འགྱུར་རོ།། སྐལ་བ་བཟང་པོ་དང་ལྡན་པར
89a6 འགྱུར་རོ།། འབྱོར་པ་ཟང་མི་ཤེས་པར་འགྱུར་རོ།། མི་དང་ཕྲད་དུ་འགྲོ་བའི་ཚེ་བཀླགས་རས་ཕྲད་པ་བྱས་ན་མི་དེས་དེ་ལ་བུའི་འདུ་ཤེས་སྐྱེད་པར་འགྱུར་ཏེ་དགའ་བར་འགྱུར་ལ། ཇི་སྐད་བསྒོ་བ
89a7 བཞིན་བྱེད་དོ།། རྟག་ཏུ་རྒྱུན་མི་འཆད་པར་བཀླགས་ན་ཚངས་པ་དང་བྲམ་ཟེ་ས་དྲག་ཤུལ་གྱི་ལས་བྱས་ཀྱང་མི་ཚུགས་པར་འགྱུར་ལ། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པར་ཡང་འགྱུར་རོ།།
iiif viewer powered by OpenSeadragon
88b - 89b