| | e-texts navigator
|
88b1 པར་བྱེད་པར་འགྱུར། དེའི་དགོས་པ་ཐམས་ཅད་འགྲུབ་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་འཇིགས་པ་མེད་པ་སྤྱན་རས་གཟིགས་དབང་།
88b2 ཕྲུག་དང་། ཝ་མོ་ཆེན་མོ་དཔལ་དེ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་ཝ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས
88b3 གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ལྷ་མོ་ཆེན་མོ་དཔལ་ལུང་བསྟན་པ་རྫོགས་སོ།། ། རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ
88b4 ཤྲི་ཡཿསཱུ་ཏྲ། བོད་སྐད་དུ། འཕགས་པ་དཔལ་ཆེན་མོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ནི
88b5 བཅོམ་ལྡན་འདས་བདེ་བ་ཅན་ན་བཞུགས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས།
88b6 བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་བསྐོར་བ་ལན་སུམ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དཔལ་ཆེན་མོ
88b7 ལ་གཟིགས་ནས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། དཔལ་ཆེན་མོའི་མཚན་བཅུ་གཉིས་པོ་འདི་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན
iiif viewer powered by OpenSeadragon
88a - 89a