| | e-texts navigator
|
78a1 གནོད་པ་དང་། ནད་འགྲོ་བ་དང་། འཁྲུག་པ་ཐམས་ཅད་དང་། གཤེད་བྱེད་དང་། བྱང་ཐམས་ཅད་དང་། ནད་ཐམས་ཅད་དང་། གདོན་ཐམས་ཅད་དང་། སྡིག་པ་#།
78a2 ཅད་དང་། བཟའ་ཉེས་དང་། སྒྲོམཉེས་དང་། གནོད་སྒྲིབ་དང་། གནོད་བལྟས་ཐམས་ཅད་ལས་སྲུང་དུ་གསོལ་སྲུང་དུ་གསོལ་སྭཱ་ཧཱ། ཕྱིར་ལྡོག་རྣམ་པར་རྒྱལ་བ་ཅན།། རྒྱལ་བ་འབྱུང་བ་གསུངས
78a3 པ་འདི།། གང་གི་མགུལ་དུ་འདི་བཏགས་པ།། དེ་ནི་རྒྱལ་འགྱུར་ཐེ་ཚོམ་མེད།། སྡིག་པ་རྨི་ལམ་བཀྲ་མི་ཤིས།། རྒྱལ་པོ་མེ་དང་ཆོམ་རྐུན་དགྲ།། དེ་དག་རྣམས་ཀྱིས་དེ་མི་ཚུགས།། གང་གི
78a4 མགུལ་དུ་འདི་བཏགས་པ།། དེ་ནི་ཆུ་ཡིས་ཁྱེར་མི་འགྱུར།། སྡིག་པ་ཡང་དག་འབྱང་བར་འགྱུར།། དགེ་བ་རྣམས་ནི་རྟག་ཏུ་འཕེལ།། ནད་མེད་པ་ཡང་འཐོབ་པར་འགྱུར།། ཕྱིར་བཟློག་པ
78a5 འཕགས་པ་རྣམ་པར་རྒྱལ་བ་ཅན་ཞེས་བྱ་བ་རྫོགས་སོ།། །། འཕགས་པ་པརྞ་ཤ་བ་རིའི་མདོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།།
78a6 དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས
78a7 དབང་ཕྱུག་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ་ལ་ཕྱག་འཚལ་ལོ།། བཱ་མ་ན་ཏཱཾ་ན་མ་ཤྩ་མི་ཏཱ་ན་མ་སྱ་མི་བཱ་མ་ནེ་བྷ་ག་བ་ཏི་པི་ཤཱ་ཙི། པརྟྟ་ཤ་བ་རི།
iiif viewer powered by OpenSeadragon
77b - 78b