| | e-texts navigator
|
76b1 དང་ཡི་དགས་དང་། ག་ཟ་དང་། གྲུལ་བུམ་གྱི་འཇིགས་པ་དང་། གྲིབ་གནོན་གྱི་འཇིགས་པ་དང་། བརྗེད་བྱེད་ཀྱི་འཇིགས་པ་དང་། སྲུལ་པོའི་འཇིགས་པ་དང་། ལུས་སྲུལ་པོའི
76b2 འཇིགས་པ་དང་། ལམ་ལོག་པ་དང་ལམ་དུ་ཞུགས་པའི་འཇིགས་པ་དང་། ཉིན་མོ་དང་མཚན་མོའི་འགྲོ་བ་སོ་སོའི་འཇིགས་པ་རྨུགས་པར་བྱེད་པ། རེངས་པར་བྱེད་པ། རྨོངས་པར་བྱེད་པ།
76b3 མདོག་བཟང་པོར་བྱེད་པ། སྤྲོ་བ་ཡང་དག་པར་འཕེལ་བར་བྱེད་པ། དགྲ་ཐམས་ཅད་ཟློག་པ། བགེགས་དང་ལོག་འདྲེན་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། སྡིག་པ་ཐམས་ཅད་ཡང་དག་པར
76b4 བྱང་བར་བྱེད་པ། ཁ་རྨུགས་པར་བྱེད་པ། ཁ་རེངས་པར་བྱེད་པ། བཞིན་མཛེས་པར་བྱེད་པ་བརྗོད་པར་བྱའོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས
76b5 པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།། གསང་སྔགས་ཀྱི་གཞི་འདི་དག་འགྲུབ་པར་གྱུར་ཅིག། ཏདྱ་ཐ། ཨོཾ་དྷ་ར་དྷ་ར། དྷ་ར་དྷ་ར་ག་དྷ་ར་དྷ་ར་དྷ་ར། དྷི་རི་དྷི་རི། དྷི་རི་དྷི་རི།
76b6 དྷི་རི་དྷི་རི། དྷི་རི། དྷུ་རུ་དྷུ་རུ། དཱུ་རུ་དྷུ་རུ། དྷུ་རུ་དྷུ་རུ། དཱུ་རུ། བདག་འཇིགས་པ་དང་། གནོད་པ་ཐམས་ཅད་དང་། གཤེད་བྱེད་དང་། བྱད་ཐམས་ཅད་ལས་སྲུངས་དུ་གསོལ་སྲུང་དུ
76b7 གསོལ། ཏདྱ་ཐཱ། ས་རེ་ས་ར། ས་ར་ས་ར། ས་ར་ས་ར། སར། སི་རི་སི་རི། སི་རི་སི་རི་སི་རི། སི་རི་སི་རི། སི་རི། སུ་རུ་སུ་རུ། སུ་རུ་སུ་རུ་སུ་རུ་སུ་རུ། སུ་རུ། མ་ར་མར
iiif viewer powered by OpenSeadragon
76a - 77a