e-texts navigator
Collection
Volume
Page
Wylie

76a1 ཀུརྦནྟི། སརྦ་ནཱ་བྷ་མུ་ཁེ་ན་བ་ཀྲྀ་ཏཱ་ཡ་ཕཊ། ན་མཿསརྦྦ་དུཥྚ་གྲ་ཧོཏ་སཱ་ར་ནཱ་ཡ། ཧ་ཡ་གྲཱི་བཱ་ཡ། སིད་དྷཱ་ནཱ་མནྟྲ་བ་དཿསྭཱཧཱ། ཨོཾ་ཨ་མྲི་ཏོར་དྷཱ་བཱ་ཡ་ཧཱུཾ་ཕཊ་ཕཊ་སྭཱཧཱ།
76a2 ཨོཾ་ན་མོ་ཧ་ཡཱ་ཡ་སྭཱ་ཧཱ། ཨོཾ་ན་མོ་བི་ཤྭ་མཱ་ཛཱ་ལེ་སྭཱཿ། ན་མཿསརྦྦ་སཏྭ་ནཾ། སིད་དྷཱནྟྲ། མནྟྲ་པ་དཱ་ཡ་སྭཱཧཱ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཧ་ཡ་གྲི་བ་ཞེས་བྱ་བའི་གཟུངས་རྫོགས་སོ།།
76a3 རྒྱ་གར་སྐད་དུ། ཨརྱ་བི་ཛི་ཡ་བ་ཏི་ནཱ་མ་པྲ་ཏྱཾ་གཽ་རཱ། བོད་སྐད་དུ། ཕྱིར་བཟློག་པ་འཕགས་པ་རྣམ་པར་རྒྱལ་བ་ཞེས་བྱའོ།། སངས་རྒྱས
76a4 དང་བྱང་ཆུབ་སེམས་དཔའ་འགྲོ་བ་ཐམས་ཅད་སྲུང་བ་ལ་མངོན་པར་བརྩོན་པ་ཐམས་ཅད་ལ་ཕྱག་འཚལ་ལོ།། སྒྲུབ་པ་ཐམས་ཅད་ལ་ཕྱག་འཚལ་ལོ།། རིགས་སྔགས་འཆང་ཐམས་ཅད་ལ
76a5 ཕྱག་འཚལ་ལོ།། སངས་རྒྱས་ལ་ཕྱག་འཚལ་ལོ།། ཆོས་ལ་ཕྱག་འཚལ་ལོ།། དགེ་འདུན་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་པོ་ཆེན་པོ་དང
76a6 ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།། དེ་རྣམས་ལ་ཕྱག་འཚལ་ནས་ཕྱིར་བཟློག་པ་རྣམ་པར་རྒྱལ་བ་ཅད་ཞེས་བྱ་བ་གཤེད་བྱེད་དང་བྱང་སེལ་བ། རོ་ལངས
76a7 དང་བཀྲ་མི་ཤིས་པ་རབ་ཏུ་ཞི་བར་བྱེད་པ། རྒྱལ་པོའི་འཇིགས་དང་། ཆོམ་རྐུན་གྱི་འཇིགས་པ་དང་། མེའི་འཇིགས་པ་དང་། ཆུའི་འཇིགས་པ་དང་། མཁའ་འགྲོ་མའི་འཇིགས་པ།




iiif viewer powered by OpenSeadragon

75b - 76b

Texts on this page

Ty072-002 - 'phags pa spyan ras gzigs dbang phyug ha ya grI ba'i gzungs
Ty072-003 - phyir zlog pa 'phags pa rnam par rgyal ba can zhes bya ba