e-texts navigator
Collection
Volume
Page
Wylie

97b1 ཅིང་མདུན་གྱིས་བལྟས་ནས། བཅོམ་ལྡན་འདས་གདན་བཤམས་པ་ལ་བཞུགས་སོ།། འཁོར་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ཞེས་བྱ་བ་འདུས་ཏེ་འདུག་པར་གྱུར་པ
97b2 རང་གི་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ཏེ། བཅོམ་ལྡན་འདས་ཀྱི་ནབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ།
97b3 འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གི་མ་ཞེས་བགྱི་བའི་གཟུངས་ཀྱི་རིག་སྔགས་ཆེན་མོ་གསང་སྔགས་ཀྱི་གཞི་འདི་འདས་པ་དང་། མ་བྱོན་པ་དང་། ད་ལྟར
97b4 བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་ཤིང་། ད་ལྟར་གསུང་བ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་ཏེ་བྱང་ཆུབ་ཡོངས་སུ་ཚོལ་བ་ན། སེམས་ཅན་ཐམས་ཅད་རྗེས
97b5 སུ་གཟུང་བ་དང་། དོན་དང་། བྱང་ཆུབ་སེམས་དཔའི་དོན་གྱི་བར་གྱི་ཕྱིར། སྔོན་གསུངས་པ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་རྣམས་ཀྱི་བར་གྱུར་པ། མར
97b6 གྱུར་པ། སྐྱབས་མ་མཆིས་པ་རྣམས་ཀྱིས་སྐྱབས་དང་། དཔུང་གཏན་མ་མཆིས་པ་རྣམས་ཀྱི་དཔུང་གཉེན་དང་། མགོན་མ་མཆིས་པ་རྣམས་ཀྱི་མགོན་དུ་གྱུར་པ། སྡིག་པ་ཐམས་ཅད་ཟང
97b7 བར་བགྱིད་པ་མཆིས་ཏེ། གཟུངས་དེ་ཟོས་མ་ཐག་ཏུ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར། རིག་སྔགས་ཐམས་ཅད་ཀྱང་གྲུབ་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ




iiif viewer powered by OpenSeadragon

97a - 98a

Texts on this page

Ty071-029 - 'phags pa spyan ras gzigs dbang phyug gi yum zhes bya ba'i gzungs