| | e-texts navigator
|
96b1 ནང་བས་པ་ནས་ཚེ་ནི་རིང་བར་འགྱུར།། ཀླུ་གདོན་རྒྱུ་བས་གཙེས་ཏེ་སྤངས་པ་དང་།། ཤུ་འབྲས་མི་བཟད་རྣག་ཁྲག་འཛག་པའི་ཚེ།། རྩེ་གཅིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ན།། མཆིལ་མལྡམ
96b2 གསུམ་བྱུགས་པས་སྤངས་པ་ཞི།། སེམས་ཅན་རྙོག་པ་མི་དགེ་སྦྱོང་པ་ན།། བྱད་སྟེམས་སྔགས་དང་དགྲ་ཡིས་གཙེས་པའི་ཚེ།། རྩེ་གཅིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ན།། བྱང་སེམས་གདོན་དེ
96b3 གཏོང་བའི་མི་ལ་འདུད།། སྡིག་འཕེལ་སྙིགས་མ་དམ་ཆོས་འཇིག་པ་ན།། འདོད་པའི་མེ་མཆེད་སེམས་ནི་རྨོངས་ལོག་པས།། ཁྱོ་ཤུགས་སོ་སོར་གཞན་ལ་འདོད་ཞེན་ནས།། ཉིན་མཚན་ལོག་བསམ།
96b4 དྷུན་ནི་མི་འཆད་ཚེ།། གང་ཞིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ན།། འདོད་པའི་མེ་ཞི་ལོག་པའི་སེམས་བསལ་འགྱུར།། བདག་གིས་གཟུངས་འདིའི་མཐུ་སྟོབས་རྒྱས་བརྗོད་ན།། བསྐལ་པར།
96b5 བརྗོད་ཀྱང་མཐར་ཐུག་ཡོང་མི་འགྱུར།། གལ་ཏེ་ཐུགས་རྗེ་ཆེན་པོའི་གཟུངས་འདི་འདོན་ཅིང་ཡོངས་སུ་འཛིན་པ་དེ་དག་ཆུ་ཀླུང་ངམ་རྒྱ་མཚོར་ཞུགས་ཏེ་ཁྲུས་བྱས་པ་ལས། དེ་ན་གནས་པའི་སེམས་ཅན།
96b6 དེ་དང་དེ་དག་གིས་ལུས་བཀྲུས་པའི་ཆུས་ལུས་ལ་རེག་པར་གྱུར་ན། སྡིག་པའི་ལས་དང་ཁ་ན་མ་མཐོ་བའི་ལྕི་བ་ཐམས་ཅད་ཡོངས་སུ་བྱང་ནས། ཞིང་ཡོངས་སུ་དག་པ་གཞན་དག་ཏུ་པདྨ་ལ་རྫུས་ཏེ་སྐྱེ་བར།
96b7 འགྱུར་བས་། མངས་དང་། དྲོང་གཤེར་དང་། སྒོང་ལས་སྐྱེས་པའི་ཡུས་ལེན་པར་མི་འགྱུར་། འཏོད་དུ་འདོན་པ་དང་འཆང་བ་ལ་ལ་སྨོས་ཀྱང་ཕྱིང་ཆོས། གཟུངས་འདི་འདེན་ཅིང་མངས་སུ
iiif viewer powered by OpenSeadragon
96a - 97a