| | e-texts navigator
|
94b1 འཛིན་པ་དག། གལ་ཏེ་ཚེ་འདི་ཉིད་ལ་སྨོན་པ་ཐམས་ཅད་ཇི་ལྟར་སྨོན་པ་བཞིན་དུ་གྲུབ་པར་མ་གྱུར་ན། ཐུགས་རྗེ་ཆེན་པོའི་སེམས་ཀྱི་གཟུངས་ཞེས་མི་བགྱི་ལགས་ཏེ། མི་དགེ་བ་རྣམས་དང་སེམས་རྩེ
94b2 གཅིག་ཏུ་མ་བགྱིས་པ་ནི་མ་གཏོག་ལག་ས།། བུད་མེད་གང་ལ་ལ་ཞིག་བུད་མེད་ཀྱི་ལུས་ལ་ཡོངས་སུ་སྐྱོ་ནས་སྐྱེས་པའི་ལུས་ཐོབ་པར་འཚལ་བ་གང་ལགས་པ་དེས། ཐུགས་རྗེ་ཆེན་པོའི་སེམས་ཀྱི་གཟུངས
94b3 ཀྱི་ཚིག་འདི་འདོན་ཅིང་ཡོངས་སུ་བཟུང་བས། གལ་ཏེ་བུད་མེད་ཀྱི་ལུས་ལས་ཡོངས་སུ་གྱུར་ཏེ་སྐྱེས་པའི་ལུས་ཐོབ་པར་མ་གྱུར་ན། བདག་ནམ་ཡང་མངོན་པར་རྫོགས་པར་འཚང་རྒྱ་བར་མི་བགྱིའོ།།
94b4 ཐེ་ཙོམ་གྱི་བསམ་པ་ཅུང་ཟད་ཅིག་བསྐྱེད་པར་གྱུར་ན། གདོན་མི་ཟ་བར་གང་སྨོན་པའི་འབྲས་བུ་དེ་མངོན་པར་འགྲུབ་པར་མི་འགྱུར་ལགས་སོ།། དེ་སྐད་ཅེས་སྨྲས་ནས། འཁོར་འདུས་པའི་མདུན་དུ
94b5 ཐལ་མོ་སྦྱར་ཏེ་དྲང་པོར་འདུག་ནས་སེམས་ཅན་རྣམས་ལ་ཐུགས་རྗེ་ཆེན་པོའི་སེམས་བསྐྱེད་དེ། འཛུམ་པའི་མདངས་ཀྱིས་ཐོགས་པ་མི་མངའ་བའི་ཐུགས་རྗེ་ཆེན་པོའི་སེམས་རྒྱ་ཆེར་ཡོངས་སུ་རྫོགས་པ
94b6 ཞེས་བྱ་བའི་གཟུངས་གྱ་ནོམ་པ་འདི་དག་སྨྲས་སོ།། སྙིང་པོ་ནི། ཨོཾ་མ་ཎི་པདྨེ་ཧཱུཾ། གཟུངས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ་མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ
94b7 རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་སརྦ་བན་དྷ་ན། ཚེ་ད་ན་ཀ་རཱ་ཡ། སརྦ་པཱ་པ་ས་མུ་དྲ་ཨུནྡྷོ་ཥ་ན་ཀ་རཱ་ཡ། སརྦ་བྱཱ་དྷི་པྲ་ཤྭ་མ་ན་ཀ་རཱ་ཡ། སརྦ་ཨི་དྱ་ཨུ་པ་དྲ་ཝ་བི་ནཱ་ཤ་ན་ཀ་རཱ་ཡ། སརྦ་བྷ་ཡེ་ཥུ་ཏྲ་ཎཱ།
iiif viewer powered by OpenSeadragon
94a - 95a